77223

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་ཚབ་པ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མཐར་ལམ་པ་ལ་གོ་བ་སྟེ། གཟི་ལྡན་འཆར་ཁའི་འོད་སྣང་ལས། སྐུ་བཞིའམ་ལྔའི་འཁོར་དུ་གྱུར་པའི་བྱང་ཆུབ་ཆེན་པོ་ཡིན་པས་ཉེ་འཁོར་ལ་ཆོས་སྟོན་ནུས་པའི་ཕྱིར་རྒྱལ་ཚབ་པ། །ཞེས་གསལ། མདོ་དགོངས་པ་འདུས་པར་འཁོར་ལྔ་ཕྲག་བཅུ་གསུམ་གྱི་ནང་གསེས་རྒྱུད་དུ་འབྱུང་ལུགས་སྒོ་ནས་བཏགས་པའི་མཚན་ལྔའི་ཡ་གྱལ་དུ་བརྩིས་འདུག
Domain ཆོས་ལུགས།