77225
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་བདུན་པའི་མགོར་མདོ་སྨད་རེབ་སྐོང་བློན་ཆོས་སུ་འཁྲུངས། གཞོན་དུས་ནས་གྲུབ་ཆེན་ཆོས་པ་བློ་བཟང་བསྟན་པའི་རྒྱལ་མཚན་ལས་རབ་ཏུ་བྱུང་། རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་གི་ཆོས་གྲྭ་ཐོག་མར་ཚུགས་པའི་གྲྭ་རྒྱུན་ཡིན། གཞུང་བཀའ་པོད་ལྔ་དང་རྒྱུད་སྡེ་བཞིས་བསྡུས་པའི་མདོ་སྔགས་ཀུན་ལ་ཐུགས་བརྩོན་མཛད། དབུས་ཀྱི་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་ཞུགས། མདོ་སྔགས་ཀྱི་གཞུང་ལ་མཁས་པར་སྦྱངས། ལྷག་ཏུ་དབུ་ཕར་ལ་ཕུ་ཐག་ཆོད་པ་ཞིག་སྦྱངས་ཏེ་ཕྱིར་རང་དགོན་དུ་བྱོན། བཀའ་པོད་ཀྱི་དམ་བཅའ་བཞག རབ་བྱུང་བཅུ་གཅིག་པའི་ལྕགས་སྦྲུལ་ཕྱི་ལོ་ ༡༦༤༡ ལོར་རོང་བོ་དགོན་གྱི་ཐོས་བསམ་རྣམ་རྒྱལ་གླིང་གི་གདན་ཁྲིར་བཞུགས། ལོ་ངོ་སུམ་ཅུའི་རིང་ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་རྒྱལ་ཚབ་གནང་། རོང་བོ་དགོན་གྱི་ཐོས་བསམ་རྣམ་རྒྱལ་གླིང་གི་གདན་རབས་གཉིས་པ་ཡིན། |