77228
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྒྱལ་ཚབ་སྤྲུལ་པའི་སྐུ་པད་དཀར་དབང་པོ་མཆོག་ནི། ཀུན་མཁྱེན་པདྨ་དཀར་པོའི་དངོས་སློབ་ཡིན། གཙང་བློ་བདེར་འཁྲུངས། (ཀུན་མཁྱེན་ཆེན་པོའི་འཁྲུངས་ལོ་རབ་བྱུང་དགུ་པའི་མེ་ཕག་ ༡༥༢༧ ལོར་འཁྲུངས། ) ཀུན་མཁྱེན་རྒྱལ་བའི་དབང་པོས། རྒྱལ་ཚབ་དམ་པ་གཅུང་ངག་གི་དབང་ཕྱུག་གི་སྐུ་སྤྲུལ་ཏུ་ངོས་བཟུང་ཞིང༌། དབུ་སྐྲ་བཅད། མཚན་ངག་དབང་པད་དཀར་དབང་པོར་གསོལ། སྡོམ་གསུམ་སྙིང་པོ་བསྟན་པ་འདི་ཉིད་ཀྱི་དོན་མཛད། ཕྱིས་བརྒྱ་འབུལ་ཆེན་མོ་མང་དུ་ཕུལ་ཏེ་ཕྲིན་ལས་རྒྱས། ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ཡོངས་འཛིན་ཡང་མཛད་དོ། ། |