77230
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཉ་སྐར་ལ་བརྟེན་ནས་བཏགས་པའི་འཕགས་ཡུལ་དང་ཤམ་བྷ་ལའི་ལུགས་ཀྱི་ཟླ་མིང་ཞིག་སྟེ། ཡར་ཚེས་བཅོ་ལྔའི་མཚན་མོར་ཉ་རྒྱས་ཟླ་བ་དང་ལྷན་དུ་ནམ་སྐྱེལ་བའི་སྐར་མ་ནི་རྒྱལ་ཡིན་པའི་ཚེས་ཟླ་དེའི་མིང་གི་ཐ་སྙད་ཡིན། ཟླ་བ་དེ་ནི་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུ་དྲུག་ནས་བཅུ་གཉིས་པའི་བཅོ་ལྔའི་བར་ཡིན་ཡང་རྒྱུན་སྤྱོད་ལྟར་ན་ཧོར་ཟླ་བཅུ་གཉིས་པའི་ཚེས་གཅིག་ནས་སུམ་ཅུའི་བར་ལ་ངོས་འཛིན་བྱེད་ཅིང་། དེ་ལུགས་གཞན་དང་ལྟོ་སྦྱར་ན་འབྱུང་རྩིས་པའི་ལུགས་ཀྱི་ཡོས་ཟླ་སྟེ་དཔྱིད་འབྲིང་དང་། རྟེན་འབྲེལ་པའི་ལུགས་ཀྱི་མ་རིག་པའི་ཟླ་བ། བོད་རྒྱལ་པོའི་ལུགས་ཀྱི་དགུན་ཟླ་འབྲིང་པོ། ཉི་མ་གང་དུ་གནས་པའི་ཁྱིམ་གྱི་ཆ་ནས་བཏགས་པའི་ཆུ་སྲིན་གྱི་ཁྱིམ་ཟླ་བཅས་ཡིན། |
| Domain | རྩིས་རིག |