77235

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་འབྲོག་དགོན་ (1)
Part of speech མིང་ཚིག
Definition སྤོམ་མདའ་རྒྱལ་འབྲོག་གི་གནས་སུ་ཆགས་ཡོད། ཐོག་མར་ཕྱག་འདེབས་པ་པོ་ནི་གཏེར་ཆེན་བདུད་འདུལ་གླིང་པའི་གདུང་སྲས་དམ་པ་ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོའི་སློབ་ཆེན་མཆོག་སྤྲུལ་མི་འགྱུར་རིན་པོ་ཆེས་དུས་རབས་ཉི་ཤུའི་སྟོད་ཙམ་ལ་ཁམས་ཀྱི་འབུམ་མཚོའི་འགྲམ་སྒོ་ལུང་ཞེས་པའི་གནས་སུ་ཕྱག་བཏབ་མཚན་ལ་མཚོ་སྨད་འོད་སྤུང་དགོན་པ་ཞེས་བཏགས། གསུང་རབ་རིན་པོ་ཆེའི་བཀའ་ལྟར་གཏེར་ཆེན་བདུད་འདུལ་གླིང་པའི་གདུང་བརྒྱུད་མཆོག་སྤྲུལ་ཨོ་རྒྱན་འགྱུར་མེད་བསྟན་བདག་མཛད་ནས་ཟབ་ཆོས་སྨིན་གྲོལ་གྱི་བཀའ་དབང་གནང་། དུས་འགྱུར་གྱི་རྗེས་སུ་བསྟན་པའི་བདག་པོར་མཆོག་སྤྲུལ་ཨོ་རྒྱན་འགྱུར་མེད་སོགས་སེར་སྐྱ་ཐུན་མོང་གིས་དགོན་གཞི་གནས་སྤོས་ཏེ་ཚ་འདམ་ཐང་དུ་བསྐྱར་བཞེངས་གནང་སྟེ་སྔར་བཞིན་དབང་བཀའ་གནང་། ད་སྐབས་ཀཿཐོག་མཆོག་སྤྲུལ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེས་དགོན་སྡེའི་འགན་ཁུར་གནང་།