77245

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ཆོས་ཀྱི་དབང་ཕྱུག་ཐོབ་པར་གྱུར་པའི་ཆོས་བཞི་ (1)
Part of speech མིང་ཚིག
Definition འཕགས་པ་ཀླུའི་རྒྱལ་པོས་ཞུས་པའི་མདོ་ལས་བྱུང་བ་སྟེ། ༡ དད་པ་ལ་གནས་ཏེ་དགེ་བ་གང་ཡིན་པ་ཚོལ་ཞིང་ང་རྒྱལ་མེད་པར་འཕགས་པ་དག་གི་ཐད་དུ་འགྲོ་བ། ༢ ཆོས་དོན་དུ་གཉེར་ཏེ་ཆོས་འདོད་ཅིང་ཆོས་ཐོས་ན་དགའ་ལ་དགའ་བས་དགའ་སྟེ་རྟག་ཏུ་དོན་གྱི་རྗེས་སུ་ལྟ་བ། ༣ མི་རྟག་པའི་ཆོས་ཉིད་ལ་སོ་སོར་རྟོག་པ་དང་། འདུས་བྱས་ཀྱི་ཉེས་པ་རྟོགས་པ་དང་། ཡོངས་སུ་འཛིན་པ་ཐམས་ཅད་ལ་རྣམ་པར་འགྱུར་བའི་ཆོས་ཅན་ཡིན་ནོ་སྙམ་དུ་དྲན་པས་ཉེ་བར་གནས་པར་བྱེད་པ། ༤ བག་ཡོད་པར་བྱེད་དེ་འདོད་པའི་ཡོན་ཏན་ཐམས་ཅད་ལ་ལྷག་པར་ཞེན་པ་མེད་ཅིང་དགེ་བའི་རྩ་བ་ཐམས་ཅད་ཀྱང་ཟད་པར་མི་བྱེད་ལ་གོང་དུའང་རྣམ་པར་འཕེལ་བར་བྱེད་པ་དང་། བྱང་ཆུབ་ཀྱི་སེམས་ཀྱི་བསམ་པའང་རྣམ་པར་མི་སྤོང་བའོ། །
Domain ཆོས་ལུགས།