77250
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཚ་ཁོ་སོ་མང་ཕྱོགས་སུ་ཤེས་རབ་རྒྱལ་མཚན་དང་། རྫོང་འགག་དམ་པའི་མཚམས་སུ་ཤེས་རབ་དཔལ་བ། ཁྲོ་སྐྱབས་ཡུལ་དུ་ཤེས་རབ་རྡོ་རྗེ་སྟེ་སྐྱེས་ཆེན་གསུམ་འཁྲུངས། ཀཿདམ་པའི་མདུན་དུ་ཆོས་མང་དུ་གསན་པས་ས་ལམ་གྱི་ཡོན་ཏན་ཡོངས་སུ་རྫོགས། དགོངས་པ་ཆོས་ཉིད་ཀྱི་ཀློང་དུ་གྲོལ་ཏེ་རྒྱལ་པོ་ཨིནྡྲ་བོ་དྷི་ལྟ་བུ་ཐོས་གྲོལ་དུ་གྱུར། མདོར་ན་སྤང་རྟོགས་ཡོན་ཏན་ཐམས་ཅད་ཆོས་རྗེ་འདི་ཉིད་དང་མཉམ་ནས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་སོ། །དེ་ནས་ནང་རྒྱུད་སྡེ་གསུམ་ལ་འཆད་སྤེལ་དང་དགོངས་པ་ཀློང་བརྡོལ་བའི་བསྟན་བཅོས་ཡང་ཅི་རིགས་པར་མཛད། ཁྱད་པར་དུ་སྐྱེས་མཆོག་ཤེས་རབ་དཔལ་བ་འདི་རྒྱལ་མོ་ཚ་བ་རོང་རང་ཡུལ་དུ་བསྟན་པ་སྐྱོང་བའི་ལས་ཡོད་པར་མཁྱེན་ནས་རང་ཡུལ་དུ་ཕེབས་ཏེ་དགོན་པ་མང་དུ་བཏབ། སྐལ་ལྡན་མང་པོ་རབ་བྱུང་བསྒྲུབས། སེར་སྐྱ་ཕོ་མོ་བསམ་གྱིས་མང་པོ་ཆོས་ལམ་དུ་བཀོད། མཐར་ར་ཀྱོའོ་ཡུལ་དུ་ཕེབས་ནས་རི་རྩེ་ནགས་དང་སྤང་ལྗོངས་མེ་ཏོག་འབབ་ཆུས་བརྒྱན་པ་མཐོང་ན་ཉམས་དགའ་བ་མདོར་ན་ས་དཔྱད་ཕུན་སུམ་ཚོགས་པ་ནམ་ཆོས་ཀྱི་སྒྲུབ་གནས་དབེན་པ་མཆོག་གྱུར་དེར་སྐལ་ལྡན་སློབ་ཚོགས་རྣམས་དང་རིམ་གཉིས་ཀྱི་ལམ་ལ་བརྟེན་ནས་སྒྲུབ་པ་མཛད། དེ་ནས་ཚ་ཁོ་དགོན་པ་བཏབ་ཅིང་རྒྱལ་བའི་བསྟན་པ་ལ་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བ་རླབས་ཆེན་ཞིག་བསྒྲུབས་སོ། །མཐར་དགོངས་པ་ཆོས་ཉིད་ཀྱི་ཀློང་དུ་ཐིམ་སྟེ་གནས་མཆོག་ཚ་ཁོ་དགོན་འདིར་སྐུ་ཞི་བར་གཤེགས་སོ། །དེ་ཡི་སྐུ་གདུང་ད་ལྟའི་བར་མཇལ་རྒྱུ་ཡོད་པ་འདི་ཡིན། སྐུ་གདུང་མཆོད་རྟེན་འདི་དང་སྐྱེས་ཆེན་བླ་མ་འདི་ནི་རྣམ་ཐར་ངོ་མཚར་དུ་མ་ཡོད་པར་གྲགས། |