77251
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་དགུ་པའི་ནང་འཁྲུངས། གཞོན་དུས་ནས་འབྲས་སྤུངས་སུ་ཆོས་ཞུགས་གནང་། གཞུང་ཆེན་བཀའ་པོད་ལྔར་ཐུགས་བརྩོན་གནང་། ཚེ་མཆོག་གླིང་ཡེ་ཤེས་བསྟན་འཛིན་ལས་མདོ་སྔགས་ཆོས་ཀྱི་དབང་ལུང་ཁྲིད་གསུམ་མང་དུ་ཞུས། གསུང་རྩོམ་ནི་དབེན་ས་སྙན་བརྒྱུད་ཀྱི་བླ་མའི་རྣལ་འབྱོར་ཐུན་མོང་མ་ཡིན་པ་དང་འབྲེལ་བ་ཕྱག་ཆེན་གྱི་ཁྲིད་མན་ངག་ཞལ་ཤེས་དང་། ཁ་ཆེམས་རླུང་ལ་བསྐུར་བའི་འཕྲིན་ཡིག སྐྱེས་ཚོམས་སྦྱར་བའི་ལམ་བསྒྲིགས་ནོར་བུའི་ཕྲེང་བ་བཅས་པོད་གཅིག་བཞུགས། |