77269
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དེ་མོ་ཧོ་ཐོག་ཐུ་ངག་དབང་འཇམ་དཔལ་བདེ་ལེགས་རྒྱ་མཚོ། ཚེ་སྨོན་གླིང་སྐུ་ཕྲེང་དང་པོ་ངག་དབང་ཚུལ་ཁྲིམས། ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་བློ་བཟང་ཡེ་ཤེས་བསྟན་པའི་མགོན་པོ། རྭ་སྒྲེང་ཧོ་ཐོག་ཐུ་ངག་དབང་ཡེ་ཤེས་ཚུལ་ཁྲིམས་རྒྱལ་མཚན། སྟག་བྲག་སྤྲུལ་སྐུ་ངག་དབང་གསུང་རབ་མཐུ་སྟོབས་བསྟན་པའི་རྒྱལ་མཚན་བཅས་ཡིན། དེ་མོ་ཧོ་ཐོག་ཐུ་ངག་དབང་འཇམ་དཔལ་བདེ་ལེགས་རྒྱ་མཚོ་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་གཤེགས་རྗེས། རབ་བྱུང་བཅུ་གསུམ་པའི་མེ་གླང་ཕྱི་ལོ་ ༡༧༥༧ ལོ་ནས་རབ་བྱུང་བཅུ་གསུམ་པའི་མེ་བྱ་ཕྱི་ལོ་ ༡༧༧༧ ལོའི་བར་ཁྲི་ལོ ༢༡། དགའ་ལྡན་ཁྲི་ཐོག་དྲུག་ཅུ་རེ་གཅིག་པ་ཚེ་སྨོན་གླིང་སྐུ་ཕྲེང་དང་པོ་ངག་དབང་ཚུལ་ཁྲིམས་ཀྱིས་གོང་གི་ལོ་འཕྲོས་ནས་རབ་བྱུང་བཅུ་གསུམ་པའི་མེ་རྟ་ཕྱི་ལོ་ ༡༧༨༦ ལོའི་བར་ཁྲི་ལོ་༡༠། ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་བློ་བཟང་ཡེ་ཤེས་བསྟན་པའི་མགོན་པོས་རབ་བྱུང་བཅུ་གསུམ་པའི་ལྕགས་ཕག་ཕྱི་ལོ་ ༡༧༩༡ ལོ་ནས་རབ་བྱུང་བཅུ་བཞི་པའི་ལྕགས་རྟ་ཕྱི་ལོ་ ༡༨༡༠ ལོའི་བར་ཁྲི་ལོ་༢༠། རྭ་སྒྲེང་ཧོ་ཐོག་ཐུ་ངག་དབང་ཡེ་ཤེས་ཚུལ་ཁྲིམས་རྒྱལ་མཚན་གྱིས་རབ་བྱུང་བཅུ་བཞི་པའི་ཤིང་སྦྲུལ་ཕྱི་ལོ་ ༡༨༤༥ ལོ་ནས་རབ་བྱུང་བཅུ་བཞི་པའི་ཤིང་བྱི་ཕྱི་ལོ་ ༡༨༦༤ ལོའི་བར་ཁྲི་ལོ་༡༩། སྟག་བྲག་སྤྲུལ་སྐུ་ངག་དབང་གསུང་རབ་མཐུ་སྟོབས་བསྟན་པའི་རྒྱལ་མཚན་གྱིས་རབ་བྱུང་བཅུ་དྲུག་པའི་ལྕགས་སྦྲུལ་ཕྱི་ལོ་ ༡༩༤༡ ནས་རབ་བྱུང་བཅུ་དྲུག་པའི་ལྕགས་སྟག་ཕྱི་ལོ་ ༡༩༥༠ ལོའི་བར་ཁྲི་ལོ ༡༠ བཟུང་བ་བཅས་གོང་གསལ་རྣམས་རྒྱལ་སྤྲུལ་ཡིན། |
| Domain | ལོ་རྒྱུས། |