77279
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཙང་གཤིས་རྟ་ར་ཞེས་པའི་གནས་སུ་ཆགས་ཡོད། རྒྱལ་སྲས་བསོད་ནམས་ལྡེའུ་བཙན་གྱི་གདུང་སྲས་མཁས་གྲུབ་ཆེན་པོ་ཨོ་རྒྱན་བསྟན་འཕེལ་གྱིས་དུས་རབས་བཅུ་བདུན་པའི་སྟོད་ཙམ་དུ་བཏབ། མེ་ལོང་ཐུབ་བསྟན་རྒྱ་མཚོ་དང་མཉམ་འདེགས་ཀྱིས་བདུད་ཀློང་གཉིས་ཀྱིས་གཙོས་བཀའ་གཏེར་གྱི་བསྟན་པ་དར་བར་བྱས། རྒྱལ་དབང་ལྔ་པ་ཆེན་པོས་བཀའ་ཤོག་གནང་སྟེ་ས་ཁུལ་དུ་ཆོས་སྲིད་གཉིས་ཀྱི་དཔོན་ཐོབ་དང་གོ་གནས་བསྩལ། དུས་འགྱུར་སྐབས་སུ་ཕྱོགས་གཞན་དང་འདྲ་བར་དགོན་འདི་ཡང་རྩ་མེད་དུ་བཏང།དེའི་རྗེས་རྒྱལ་སྲས་མེ་ལོང་རིན་པོ་ཆེ་ཐུབ་བསྟན་བློ་གྲོས་དང་སྐྱ་སེར་ཡོངས་ཀྱིས་དགོན་གཞིས་སྔར་ལྟར་ཉམས་གསོ་ཐུབ་པ་བྱུང་།དེར་མ་ཟད་ཤར་ཐོས་བསམ་ཤེས་རབ་གླིང་། ལྷོ་བཤད་སྒྲུབ་དཔལ་འབར་གླིང་། ནུབ་བསླབ་གསུམ་ནོར་བུའི་གླིང་། བྱང་ཐེག་དགུ་རྩེ་རྒྱལ་གླིང་རྣམས་བཞེངས་ཏེ་བསྟན་པ་སླར་གསོ་བྱས། |