77280
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་དྲུག་པའི་སྨད་དུ་དྭགས་པོར་འཁྲུངས། དགུང་ལོ་བཞི་པར་རྒྱལ་བ་བསོད་ནམས་རྒྱ་མཚོས་སྐུ་གོང་མ་ཆོས་འཕེལ་རྒྱ་མཚོའི་ཡང་སྲིད་གོས་བཟུང་། རབ་བྱུང་ཞུས་ཏེ་མཚན་ལ་དོན་ཡོད་ཆོས་ཀྱི་རྒྱ་མཚོ་ཞེས་སྩལ། དྭགས་པོ་གྲྭ་ཚང་དུ་ཞུགས་ནས་མདོ་སྔགས་རིག་གནས་ཀུན་ལ་མཁས་པར་སྦྱངས། རྒྱལ་བ་བསོད་ནམས་རྒྱ་མཚོ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན། གྲུབ་ཆེན་ཐར་བའི་རྒྱལ་མཚན་སོགས་ལས་གདམས་ངག་གི་ཚོགས་ཞུས། ཆོས་ལུགས་དང་གྲུབ་མཐའ་ཀུན་ལ་དག་སྣང་མཛད། དྭགས་པོ་གྲྭ་ཚང་གི་མཁན་ཁྲིར་བཞུགས། མདོ་སྨད་དུ་ཕེབས་ཏེ་རབ་བྱུང་བཅུ་པའི་ཤིང་འབྲུག་ཕྱི་ལོ་ ༡༦༠༤ ལོར་དགོན་ལུང་བྱམས་པ་གླིང་བཏབ། རྒྱལ་སྲས་རིན་པོ་ཆེའི་གཟིམས་ཁང་དང་། གྲྭ་ཤག་བརྒྱ་ལྷག་ཙམ། འདུ་ཁང་ཉིས་ཐོག་རུང་ཁང་དང་བཅས་པ་གྲུབ། གདན་ས་ལོ་དྲུག་རིང་བསྐྱངས། རབ་བྱུང་བཅུ་པའི་ས་བྱ་ཕྱི་ལོ་ ༡༦༠༩ ལོར་དབུས་སུ་ཕེབས། མདོ་སྨད་དུ་བཞུགས་རིང་དངོས་བརྒྱུད་ཀྱི་དགོན་ཆེན་བཅུ་གསུམ་དང་། སྒྲུབ་སྡེ་བཅུ་གསུམ་སོགས་བཙུགས་ཞེས་རྣམ་ཐར་དུ་གསལ་བར་བཤད། དེ་དག་ལ་ཡང་བསྟན་པའི་རྩ་བ་གཞི་གསུམ་གྱི་ཕྱག་ལེན། མཚན་ཉིད་ཀྱི་པོ་ཏི་ལྔའི་འཆད་ཉན་སོགས་མཛད་པའི་རྒྱུན་ད་བར་ཡོད། ཡ་མཚན་པའི་ལྟས་དུ་མ་དང་བཅས་སྐུ་གཤེགས། |