77286
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལྷ་དང་བཅས་པའི་འཇིག་རྟེན་འདུ་བྱའི་ཕྱིར། །ཡོན་ཏན་མཆོག་ལྡན་བླ་མ་འདུད་པའི་མགོ །དཀོན་མཆོག་གསུམ་གྱི་གདུང་རྒྱུད་མི་བཅད་ཕྱིར། །བདེ་གཤེགས་རྣམས་ཀྱི་ཚུལ་སྤངས་བསྡུས་པའི་མགོ །སྟོང་གསུམ་ཀུན་གྱི་བདག་པོར་འགྱུར་བྱའི་ཕྱིར། །རྣམ་དག་ཟབ་མོ་མོས་པ་སྤངས་པའི་མགོ ། འགྲོ་ཀུན་བྱང་ཆུབ་ལམ་ལ་འགོད་བྱའི་ཕྱིར། །སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་བྱེད་མགོ །གོང་ན་མེད་པའི་ཆོས་རབ་གྲུབ་བྱའི་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་ལ་གནས་པའི་མགོ ། ཁམས་གསུམ་ཀུན་གྱིས་མཆོད་པར་བྱ་བའི་ཕྱིར། །དགེ་བའི་རྩ་བ་ཡོངས་སུ་བསྔོ་བའི་མགོ །དེ་ལྟར་ལྡན་རྣམས་ས་མཆོག་དཀྱིལ་འཁོར་འགྲུབ། །ཅེས་གསུངས། |
| Domain | ཆོས་ལུགས། |