77349

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱུ་ (1)
Part of speech མིང་ཚིག
Definition དངོས་པོ་རྣམས་འབྱུང་བ་ལ་གྲོགས་བྱེད་ཅིང་སྔོན་དུ་འགྲོ་དགོས་པའི་ཆ་རྐྱེན་གྱི་མིང་སྟེ།
Example རྒྱུ་བཟང་པོ་ལས་འབྲས་བུ་ལེགས་པ་སྨིན་ལྟ་བུ།
རྒྱུ་ (2)
Part of speech མིང་ཚིག
Definition ནོར་རྫས་ལོངས་སྤྱོད་ཀྱི་མིང་སྟེ།
Example ཕ་མེས་ཀྱི་དུས་ནས་རྒྱུ་ཆེན་པོ་ཡིན་ལྟ་བུ།
རྒྱུ་ (3)
Part of speech མིང་ཚིག
Definition དངོས་རྫས་བཟོ་བྱེད་ཀྱི་མིང་སྟེ།
Example ལྭ་རྒྱུ་ཆ་གཉིས་ལྟ་བུ།
རྒྱུ་ (4)
Part of speech མིང་ཚིག
Definition ཕྲུག་སོགས་ཀྱི་སྲིད་དམ་དཀྱུས་ལ་དྲངས་པའི་ཐགས་སྐུད་ཀྱི་མིང་སྟེ།
Example རས་འདི་རྒྱུ་བཟང་ཡང་སྤུན་དེ་ཙམ་རེད་ལྟ་བུ།
རྒྱུ་ (5)
Part of speech མིང་ཚིག
Definition བཅའ་དངོས་ཀྱི་སྤུས་ཀའི་མིང་སྟེ།
Example གྱོན་པ་འདི་རྒྱུ་བ་ཧ་ཅང་བཟང་གི་ལྟ་བུ།
རྒྱུ་ (6)
Part of speech མིང་ཚིག
Definition ལས་ཚིག་ད་ལྟ་བའི་མཐར་སྦྱར་ན་མ་འོངས་པ་སྟོན་པའི་ཚིག་གྲོགས་ཏེ།
Example ལྭ་བ་བཟོ་རྒྱུའི་དོན། ཆུ་རྐ་བརྐོ་རྒྱུ་ཡིན་ཞེས་པ་ལྟ་བུ།
རྒྱུ་ (7)
Part of speech མིང་ཚིག
Definition རྒྱུ་མ་ཡི་མིང་བསྡུས་པ་སྟེ།
Example ར་རྒྱུ་ཕག་རྒྱུ་ལྟ་བུ།
རྒྱུ་ (8)
Part of speech མིང་ཚིག
Definition ལས་དང་ཉོན་མོངས་པ་དེ་དག་གིས་སྲིད་པ་སྐྱེ་བ་ཕྱི་མ་འགྲུབ་པའི་བག་ཆགས་ས་བོན་འཇོག་པས་རྒྱུ་ཞེས་ཏེ། བདེན་བཞི་རྣམ་པ་བཅུ་དྲུག་གི་ནང་གསེས་ཤིག
Domain ཆོས་ལུགས།
རྒྱུ་ (9)
Part of speech མིང་ཚིག
Definition དངོས་པོ་ལ་བྱེད་པའི་སྒོ་ནས་གཉིས་དབྱེ་བའི་ཡ་གྱལ་ཞིག་སྟེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། (རྒྱུའི་མཚན་ཉིད། ) ཆོས་དེ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་དོན་གཞན་སྔ་མ། རྒྱུ་ལ་ངོ་བོའི་སྒོ་ནས་དབྱེ་ན། དངོས་རྒྱུ་དང་བརྒྱུད་རྒྱུ་གཉིས། ཞེས་དང་། རྒྱུ་ལ་གཙོ་ཕལ་གྱི་སྒོ་ནས་དབྱེ་ན། ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་གཉིས། ཞེས་གསུངས།
Domain ཚད་མ།
རྒྱུ་ (1)
Part of speech གྲོགས་ཚིག
Definition ལས་ཚིག་ད་ལྟ་བ་དང་མ་འོངས་པའི་མཐར་སྦྱར་ན་ཡུལ་ལམ་དངོས་པོ་ལ་འཇུག་སྟེ།
Example བཟའ་རྒྱུ། འཐུང་རྒྱུ་ཟེས་པ་ལྟ་བུ།
རྒྱུ་ (1)
Part of speech བྱ་ཚིག
Definition འགྲོ་བའམ་སོང་བའི་དོན་ཏེ།
Example མགྲོན་པོ་ལམ་ན་རྒྱུ་ལྟ་བུ།
Transitive བྱ་བྱེད་ཐ་མི་དད་པ།
Verb Form གཟུགས་མི་འགྱུར་བ།
རྒྱུ་ (2)
Part of speech བྱ་ཚིག
Definition བསྟར་ལ་བསྒྲིགས་པའི་དོན་ཅན་རྒྱུད་ཀྱི་ད་ལྟ་བ་ལ་རྒྱུ་འབྲི་བ་ཡོད།
Transitive བྱ་བྱེད་ཐ་དད་པ།