77351
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འབྲས་བུའི་རྟགས་ལྔའི་ནང་གསེས། རྐྱེན་གཞན་ལ་ལྟོས་པའི་རྟགས་ཀྱིས་རང་རྒྱུ་ཁྱད་པར་བ་གཞན་ཡོད་པར་སྒྲུབ་པ་སྟེ། དཔེར་ན་དབང་པོའི་མངོན་སུམ་ཆོས་ཅན། དབང་ཡིད་ལས་གཞན་པའི་རང་རྒྱུ་ཡོད་དེ། རང་གི་དམིགས་རྐྱེན་མེད་ན་མི་སྐྱེ་བའི་ཕྱིར། ཞེས་པ་ལྟ་བུ་དབང་ཤེས་སྐྱེ་བ་ལ་དབང་ཡིད་དེ་མ་ཐག་རྐྱེན་ཡོད་དགོས་པར་མ་ཟད། ཕྱི་རོལ་གྱི་ཡུལ་མེད་ན་མི་སྐྱེ་བས་རྒྱུ་ཁྱད་པར་བའམ་བྱེ་བྲག་པ་དམིགས་རྐྱེན་ཡོད་པར་སྒྲུབ་བྱེད་ཀྱི་འབྲས་རྟགས་ཡིན་ནོ། ། |
| Domain | ཚད་མ། |