77352
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རང་གི་རྒྱུ་རྐྱེན་བཞི་ལ་སོགས་པ་མང་པོ་ཡོད་པའི་ནང་ནས། སྐབས་ཀྱི་ཕྱི་རྒོལ་གྱི་ངོར་གཞི་གཅིག་གི་སྟེང་དུ་རྟགས་དེའི་རྒྱུ་ཁྱད་པར་བའམ་བྱེ་བྲག་དམིགས་རྐྱེན་ལ་སོགས་པ་གང་ཡང་རུང་བ་ཞིག་སྒྲུབ་པའི་འབྲས་བུའི་ཚུལ་གསུམ་ཡིན་པས་ན། རྒྱུ་ཁྱད་པར་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཅེས་ཟེར་བ་ཡིན་ནོ། ། མཚན་གཞི་ནི། སྔོན་སྣང་དབང་ཤེས་ཆོས་ཅན། རང་གི་དམིགས་རྐྱེན་དང་བཅས་པ་ཡིན་ཏེ། རང་གི་དམིགས་རྐྱེན་མེད་ན་མི་སྐྱེ་བའི་དངོས་པོ་ཡིན་པའི་ཕྱིར་ཞེས་པའི་རྟགས་འདི་དེའི་མཚན་གཞི་ཡིན་ཏེ། དེ་ཡང་དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། རང་གི་དམིགས་རྐྱེན་མེད་ན་མི་སྐྱེ་བའི་དངོས་པོ་དེ། སྔོན་སྣང་དབང་ཤེས་རང་གི་དམིགས་རྐྱེན་དང་བཅས་པར་སྒྲུབ་པའི་རྒྱུ་ཁྱད་པར་སྒྲུབ་ཀྱི་འབྲས་རྟགས་ཡང་དག་དང་། ཞེས་གསུངས་པའི་ཕྱིར། |
Domain | ཚད་མ། |
{{#arraymap:རྒྱུ་ཁྱད་པར་སྒྲུབ་ཀྱི་འབྲས་རྟགས་ཡང་དག་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | འབྲས་བུ་གང་ཞིག་ཡིན་རུང་རྒྱུ་རྐྱེན་སྣ་ཚོགས་ལས་སྐྱེ་དགོས་པས། དེས་ན་འབྲས་བུ་ཞིག་གི་རྒྱུ་ཕལ་ཆེར་ཤེས་ཚར་ནས་ད་དུང་འབྲས་བུ་དེ་སྐྱེ་བར་རྒྱུ་གཞན་ཞིག་མ་ཚང་ན་སྐྱེ་མི་ནུས་པར་ཤེས་པའི་དུས་སྐབས་ཤིག་ལ་འབྲས་བུ་དེའི་རྒྱུ་གཞན་ནམ་ཁྱད་པ་བ་དེ་རྟོགས་པའི་ཐབས་སུ་བཀོལ་བའི་འབྲས་བུའི་གཏན་ཚིགས་ཡང་དག པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། གཟུགས་འཛིན་དབང་མངོན་ཆོས་ཅན། རང་གི་བདག་རྐྱེན་དང་དེ་མ་ཐག་རྐྱེན་ལས་གཞན་པའི་རང་གི་རྐྱེན་ཡོད་དེ། རང་གི་བདག་རྐྱེན་དང་རང་གི་དེ་མ་ཐག་རྐྱེན་ཚང་བ་ཙམ་གྱིས་མི་སྐྱེ་ཞིང་། རེས་འགའ་སྐྱེ་བའི་ཕྱིར། ཞེས་བཀོད་པའི་ཚེ་ན་དེ་ལྟ་བུ། |
{{#arraymap:རྒྱུ་ཁྱད་པར་སྒྲུབ་ཀྱི་འབྲས་རྟགས་ཡང་དག་
|; |@@@ | | }}