77379
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འགལ་བའི་ཁྱབ་བྱ་དམིགས་པ་བཞིའི་ནང་གསེས། གནོད་བྱེད་ཀྱི་ཁྱབ་བྱ་རྟགས་སུ་བཀོད་ནས་གནོད་བྱའི་རྒྱུ་འགོག་པ་སྟེ། དཔེར་ན་ཙན་དན་གྱི་མེས་ཁྱབ་པར་ནོན་པའི་གཞིར་ཆོས་ཅན། གྲང་རྒྱུ་ནུས་པ་ཐོགས་མེད་མེད་དེ། ཙན་དན་གྱི་མེས་ཁྱབ་པར་ནོན་པའི་དངོས་པོ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་ཙན་དན་གྱི་མེས་གྲང་རེག་གི་རྒྱུ་མེད་པར་སྒྲུབ་པའོ། ། |
| Domain | ཚད་མ། |