77381

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱུ་དང་འགལ་བའི་འབྲས་བུ་དམིགས་པ་ (1)
Part of speech མིང་ཚིག
Definition འགལ་བའི་འབྲས་བུ་དམིགས་པ་བཞིའི་ནང་གསེས། གནོད་བྱེད་ཀྱི་འབྲས་བུ་རྟགས་སུ་བཀོད་ནས། གནོད་བྱའི་རྒྱུ་འགོག་པ་སྟེ། དཔེར་ན་དུ་བ་དྲག་ཏུ་འཕྱུར་བས་ཁྱབ་པར་ནོན་པའི་གཞིར་ཆོས་ཅན། གྲང་རྒྱུ་ནུས་པ་ཐོགས་མེད་མེད་དེ། དུ་བ་དྲག་ཏུ་འཕྱུར་བས་ཁྱབ་པར་ནོན་པའི་དངོས་པོ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་མེ་འབྲས་ཀྱིས་གྲང་བའི་རྒྱུ་མེད་པར་སྒྲུབ་པའོ། །
Domain ཚད་མ།