77388
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མཁས་པ་ཆེན་པོ་ཛྙཱ་ན་ཤྲཱི་མི་ཏྲའི་ཞལ་སྔ་ནས་ཀྱིས་མཛད་པའི་རྒྱུ་དང་འབྲས་པའི་ངོ་བོ་གྲུབ་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཀུ་མཱ་ར་ཀ་ལ་ཤ་དང༌། ལོ་ཙཱ་བ་ཤཱཀྱ་འོད་ཀྱིས་བསྒྱུར། སྡེ་དགེ་པར་མ་དང་། ཅོ་ནེ་པར་མ་ལ་བསྒྱུར་ཞུས་པ་མི་གསལ་ཡང་། པེ་ཅིང་པར་མ་དང་། སྣར་ཐང་ལ་སླད་ཀྱི་བལ་ཡུལ་གྱི་པཎྜི་ཏ་ཨ་ནནྟ་ཤྲི་དང་། ལོ་ཙཱ་བ་དེ་ཉིད་ཀྱིས་གཏུགས་ཤིང་གཏན་ལ་ཕབ་བོ། ། བསྟན་འགྱུར་ཚད་མ་ཞ་པར་བཞུགས། |