77398
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། གསང་སྔགས་ཀྱི་ལམ་དུ་ཞུགས་པའི་ཐོག་མར་བསྐུར་བའི་སྔོན་འགྲོའི་དབང་སྟེ། རྒྱུད་ཀྱི་ཁོག་དབུབ་རིན་པོ་ཆེ་འབར་བའི་གུར་ལས། རྒྱུ་དུས་ཀྱི་དབང་ནི་ལམ་གྱི་སྔོན་འགྲོ་ཡིན་པས་ཐོག་མ་དང་། ལམ་དུས་ཀྱི་དབང་ནི་ལམ་གྱི་བོགས་འདོན་ཡིན་པས་དུས་ལ་ནམ་བབས་ཀྱི་སྐབས་དང་། འབྲས་དུས་ཀྱི་དབང་ནི་ལམ་ལྔ་མཐར་ཕྱིན་ནས་མཐར་ཐུག་སངས་རྒྱས་ཀྱི་ས་ལ་སྦྱོར་བ་ཡིན་པས་ཐ་མར་དབང་བསྐུར་རོ། །ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |