77402
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་རྒྱུའི་རྟེན་འབྲེལ་དྲུག་པོ་གང་རུང་ལ་གནས་པའི་གང་ཟག་གི་རྒྱུད་ཀྱི་ཡང་སྲིད་འཕེན་བྱེད་ཀྱི་ལས་ཀྱི་བག་ཆགས་སྒོ་གཞིར་གྱུར་པའི་ཡིད་ཀྱི་རྣམ་པར་ཤེས་པ། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་རྒྱུ་དུས་རྣམ་ཤེས་ཀྱི་རྟེན་འབྲེལ་གྱི་མཚན་ཉིན་ཡིན། དངོས་བཏགས་ཕྱེ་ན། དེ་གསུམ་པ་འབྲས་དུས་རྣམ་ཤེས་ཀྱི་རྟེན་འབྲེལ་ཡིན་ན། དེ་ལྟ་བུའི་གསུམ་པ་རྣམ་ཤེས་ཀྱི་རྟེན་འབྲེལ་ཡིན་པས་མ་ཁྱབ་སྟེ། ་དེ་ལྟ་བུའི་གསུམ་པ་རྣམ་ཤེས་ཀྱི་རྟེན་འབྲེལ་ཡིན་ན། དེ་ལྟ་བུའི་རྒྱུའི་འམ། གསུམ་པ་རྒྱུ་དུས་རྣམ་ཤེས་ཀྱི་རྟེན་འབྲེལ་ཡིན་དགོས་པའི་ཕྱིར་ཏེ། དེ་ལྟ་བུའི་རྣམ་ཤེས་ཀྱི་རྟེན་འབྲེལ་ཡིན་ན་དེ་ལྟ་བུའི་རྒྱུའི་རྟེན་འབྲེལ་ཡིན་དགོས་པའི་ཕྱིར། དེའི་ནང་ཚན་དུ་གྱུར་པའི་གསུམ་པ་རྣམ་ཤེས་ཀྱི་རྟེན་འབྲེལ་དུ་གྱུར་པའི་དགེ་མི་དགེ་གང་རུང་དང་། སྒྲིབ་ལུང་མ་བསྟན་མེད་དེ། དེ་ཡིན་ན་མ་སྒྲིབ་ལུང་མ་བསྟན་ཡིན་དགོས་པའི་ཕྱིར། འཕགས་རྒྱུད་ལ་འདི་ཡོད་དེ། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་རྒྱུའི་རྟེན་འབྲེལ་དྲུག་པོ་གང་རུང་ལ་གནས་པའི་གང་ཟག་ཐམས་ཅད་ཀྱི་རྒྱུད་ལ་དེ་ཡོད་པའི་ཕྱིར། |
| Domain | ཆོས་ལུགས། |