77418

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱུ་བ་དགག་པའི་སྡེ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། གནོད་པ་བྱུང་བ་རྣམས་མ་གཏོགས་ཤིང་ལ་སོགས་པ་ལ། མི་གང་ཙམ་མཐོར་མི་འཛེག་གོ ། མདོར་ན་རབ་ཏུ་བྱུང་བ་རྣམས་ཀྱི་འགྲོ་འཆག་ཉལ་འདུག་པའི་སྤྱོད་ལམ་ཐམས་ཅད་བག་ཡོད་པར་བྱ་ཞིང་གཞན་གྱིས་མ་དད་པའི་དམིགས་རྐྱེན་མི་བྱའོ། །དགོང་མོའི་དུས་སུ་ཡང་ཀློག་པ་ཐོས་བསམ་མམ། སྒྲུབ་པ་བསམ་གཏན་གང་རུང་ལ་འབད་པར་བྱའོ། །ནམ་གྱི་སུམ་ཆར་སོང་ནས་གཙུག་ལག་ཁང་གི་ཕྱི་རོལ་དུ་རྐང་པ་བཀྲུས་ཏེ། ལུས་དང་། སེམས་དང་། གོས་མ་འཕྱར་བས་ཉལ་བར་བྱའོ། །ལུས་མ་འཕྱར་བ་ནི་གཞོགས་གཡས་པ་ས་ལ་ཕབ་སྟེ་ལག་པ་གཡོན་པ་བརླའི་སྟེང་དུ་བཞག གཡས་པས་འགྲམ་པ་བརྟེན། པུས་མོ་སྙིང་གར་སླེབ་པར་དགུག འདོད་པའི་ཕྱོགས་སུ་མགོ་བོ་བསྟན་ཏེ་ཉལ་བར་བྱའོ། །སེམས་མ་འཕྱར་བ་ནི་མྱུར་དུ་ལངས་ཏེ་དགེ་སྦྱོར་བྱའོ་སྙམ་པ་དང་། སྣང་བ་སྐྱ་འོལ་ཡིད་ལ་བྱ་བ་དང་། འཆི་བ་མི་རྟག་པ་དང་། འཁོར་བའི་ཉེས་དམིགས་དང་། དཀོན་མཆོག་གི་ཡོན་ཏན་བསམ་པ་སོགས་དགེ་བའི་སེམས་ཀྱིས་ཉལ་བར་བྱའོ། །གོས་མ་འཕྱར་བ་ནི། ཤམ་ཐབས་ཕུད། ཤམ་ཐབས་ཀྱི་གཟན་བགོས། སྣམ་སྦྱར་དང་བླ་གོས་རིམ་པ་མང་དུ་ལྟེབ་ནས་སྔས་སུ་བཅུག། རུང་བའི་སྟན་ལ་ཉལ་བར་བྱའོ། །ཞེས་ཀུན་མཁྱེན་གོ་རམས་པའི་འདུལ་བའི་སྤྱི་དོན་ལས་སོ། ། གནོད་པ་བྱུང་བ་མ་གཏོགས་པར་ཤིང་ལ་མི་གང་ཙམ་ལས་ལྷག་པར་མི་འཛེག་པའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།