77425

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱུ་བཟང་ཟ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བོན། བྱེ་བྲག་བཟང་ཟ་ལ་རྒྱུ་བཟང་ཟ་དང་། ལམ་བཟང་ཟ། འབྲས་བུ་བཟང་ཟ་དང་གསུམ་ཡོད་པའི་དེ་གསུམ་ལ་དོན་གྱི་ངོས་ནས་གཞི་ལམ་འབྲས་གསུམ་དང་གཅིག་ཏུ་གནས་ཤིང་། དེའི་དང་པོ་རྒྱུ་བཟང་ཟ་ནི་ཐེག་པ་ཆེན་པོའི་གཞིའམ་སེམས་ཉིད་གསལ་སྟོང་དབྱེར་མེད་ཀྱི་གནས་ལུགས་ཏེ་འཁོར་འདས་གཉིས་ཀྱི་རྟེན་གཞི་བྱེད་པའི་སེམས་ཅན་རྒྱུད་ཀྱི་རྒྱུ་དུས་ཀྱི་བདེ་གཤེགས་སྙིང་པོ་ལ་རྒྱུ་བཟང་ཟ་ཞེས་བྱ་སྟེ། ཀུན་འབྱུང་དབྱིངས་དག་ལས། རྒྱུ་བཟང་ཟ་ཡེ་ནས་ཡེ་ཤེས། ཡེ་ཤེས་ལུས་སེམས་བོན་ཉིད་དབྱིངས། ཞེས་གསུངས་སོ། །
Domain ཆོས་ལུགས།