77445
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་སྟེ། དེ་ལྟར་ཆུད་མི་ཟ་བའི་ཕྱིར། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་མཐུན་པ། རྒྱུད་ཀྱི་ཚུལ་གཅིག་ཏུ་བྱ་བའི་ཕྱིར། དགེ་བའི་བཤེས་གཉེན་གྱི་རྒྱུ་མཐུན་པ། ཤིན་ཏུ་བསགས་པའི་ཕྱིར་དགེ་བའི་རྩ་བའི་རྒྱུ་མཐུན་པ། ནན་ཏན་བྱ་བའི་ཕྱིར། ཕ་རོལ་ཏུ་ཕྱིན་པའི་རྒྱུ་མཐུན་པ། འབྱུང་བའི་ཕྱིར་ཆོས་ཐམས་ཅད་ཀྱི་རྒྱུ་མཐུན་པ། བྱང་ཆུབ་བརྟན་པའི་ཕྱིར་སྨོན་ལམ་གྱི་རྒྱུ་མཐུན་པ། རྒྱ་ཆེན་པོ་ཡང་དག་པར་བསགས་པའི་ཕྱིར། སྤྱོད་པའི་རྒྱུ་མཐུན་པ། ཚུལ་གཅིག་ཏུ་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཐམས་ཅད་རྒྱུ་མཐུན་པ། སེམས་རབ་ཏུ་དང་བའི་ཕྱིར། སངས་རྒྱས་མཆོད་པ་རྒྱུ་མཐུན་པ། ཕ་ལྟ་བུར་བརྗོད་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་དང་རྒྱུ་མཐུན་པའོ། ། |
| Domain | ཆོས་ལུགས། |