77460

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱུ་མཚན་དྲུག་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་པ་ལས་བྱུང་བ་སྟེ། མཚན་མ་དང་བཅས་པ་རྒྱུ་མཚན་ནི། དངོས་པོ་རྟོགས་པའི་མིང་ལ་རྣམ་པར་རྟོག་པའི་མཚན་མ་གང་ཡིན་པའོ། །མཚན་མ་མེད་པ་རྒྱུ་མཚན་ནི། དངོས་པོ་མ་རྟོགས་པའི་མིང་ལ་རྣམ་པར་རྟོག་པའི་མཚན་མ་གང་ཡིན་པའོ། །ཆུང་ངུ་རྒྱུ་མཚན་ནི། འདོད་པའི་ཁམས་ཀྱི་དངོས་པོ་ལ་རྣམ་པར་རྟོག་པའི་མཚན་མ་གང་ཡིན་པའོ། །ཆེན་པོར་གྱུར་པ་རྒྱུ་མཚན་ནི། གཟུགས་ཀྱི་ཁམས་ཀྱི་དངོས་པོོ་ལ་རྣམ་པར་རྟོག་པའི་མཚན་མ་གང་ཡིན་པའོ། །ཚད་མེད་པ་རྒྱུ་མཚན་ནི། གཟུགས་མེད་པའི་ཁམས་ཀྱི་དངོས་པོ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་རྣམ་པར་རྟོག་པའི་མཚན་མ་གང་ཡིན་པའོ། །ཅི་ཡང་མེད་པ་རྒྱུ་མཚན་ནི། གཟུགས་མེད་པའི་ཁམས་ཀྱི་དངོས་པོ་ཅི་ཡང་མེད་པའི་སྐྱེ་མཆེད་ལ་རྣམ་པར་རྟོག་པའི་མཚན་མ་གང་ཡིན་པའོ། །
Domain ཆོས་ལུགས།