77464

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱུ་མཚན་མཚུངས་པའི་མགོ་སྙོམས་ (1)
Part of speech མིང་ཚིག
Definition མདོ། དབུ་མ། རྒྱུ་མཚན་མཚུངས་ཀྱང་རྒྱུ་མི་མཚུངས་པར་འདོད་པ་ལ། མཚུངས་པར་འགྲོ་སྟེ། རྒྱུ་དང་འབྲས་བུ་གཞན་ཉིད་ལ། །རྒྱུ་དང་རྒྱུ་མིན་མཚུངས་པར་འགྱུར། །ཞེས་སོ། །ཞེས་ཆོས་རྗེ་ས་པཎ་གྱིས་གཞུང་ལུགས་ལེགས་བཤད་ལས་གསུངས་སོ། ། མགོ་བསྒྲེའི་དོན་ནི་མི་འདོད་པའི་དོན་གཞན་ཁས་བླངས་པའམ། ཁས་ལེན་དགོས་པའི་རྒྱུ་མཚན་མཚུངས་པར་བརྗོད་པས་འདོད་པའི་དོན་སུན་འབྱིན་པར་བྱེད་པ་ཡིན་ནོ། །དེ་ལ་དང་པོ་ནི་མགོ་བསྒྲེའི་གནས་རང་གིས་ཁས་བླངས་ནས་ཁྱོད་ཀྱིས་འདི་ཁས་བླངས་ན་ཁོ་བོས་ཀྱང་འདི་ཁས་ལེན་ཞེས་མགོ་བསྒྲེ་བའོ། །བསྒྲེ་བྱ་དང་སྒྲེ་བྱེད་ཀྱི་ཆོས་གཉིས་ཀ་རྒོལ་བར་ཁས་ལེན་དུ་ཞུགས་པ་ནི། དེ་ཡང་འདི་འདོད་ན་རྒྱུ་མཚན་མཚུངས་པས་འདི་ཡང་འདོད་པར་གྱིས་ཤིག་ཅེས་བྱའོ། །ཇི་སྐད་དུ། གལ་ཏེ་གཞན་ལ་བརྟེན་ནས་གཞན་ཞིག་འབྱུང་བར་འགྱུར་ན་ནི། །འོ་ན་མེ་ལྕེ་ལས་ཀྱང་མུན་པ་འཐུག་པོ་འབྱུང་འགྱུར་ཞིང། །ཐམས་ཅད་ལས་ཀྱང་ཐམས་ཅད་སྐྱེ་བར་འགྱུར་ཏེ་གང་གི་ཕྱིར། །སྐྱེད་པར་བྱེད་པ་མ་ཡིན་མ་ལུས་ལའང་གཞན་ཉིད་མཚུངས། །ཞེས་པ་ལྟ་བུའོ། །ཞེས་ཀུན་མཁྱེན་རོང་སྟོན་གྱིས་དབུ་འཇུག་རྣམ་བཤད་ལས་གསུངས་སོ། ། འབྲས་བུ་མྱུ་གུ་སྔོན་པོ་བདག་ཉིད་ལས་བདག་ཉིད་སྐྱེ་བ་ལྟར། རྒྱུ་ས་བོན་སྐྱ་བོ་ཡང་བདག་ཉིད་ལས་བདག་ཉིད་སྐྱེ་བར་ཐལ། རྒྱུ་མཚན་མཚུངས་པའི་ཕྱིར་ཞེས་པ་ལྟ་བུ་ཡིན་ཏེ། དེ་ཉིད་མགོ་མཚུངས་ཀྱི་རིགས་པ་ཡིན་པའི་ཕྱིར་རོ། །ཞེས་མཁན་ཆེན་ངག་ཆོས་ཀྱིས་དབུ་མའི་སྤྱི་དོན་ལས་གསུངས་སོ། །
Domain [ཆོས་ལུགས།, ལྟ་གྲུབ།]