77469

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱུ་མཚན་ཡོད་ཀྱང་གཏན་ལ་མ་ཕེབས་པའི་ཡིད་དཔྱོད་ (1)
Part of speech མིང་ཚིག
Definition རྒྱུ་མཚན་ཡོད་ཀྱང་གཏན་ལ་མ་ཕེབས་པའི་ཡི་དཔྱོད་ཅེས་པ་ནི། རང་ཉིད་རྒྱུ་མཚན་གང་ལ་བརྟེན་ནས་སྐྱེས་པའི་རྒྱུ་མཚན་ནམ་རྟགས་དེ་དོན་ལ་རྒྱུ་མཚན་ཡང་དག་ཡིན་ཀྱང་དེ་རྒྱུ་མཚན་ཡང་དག་ཏུ་རང་རྒྱུད་ལྡན་གང་ཟག་དེའི་ཚད་མས་གཏན་ལ་མ་ཕེབས་ཞིང་རང་ཉིད་རྒྱུ་མཚན་དེ་ལ་བརྟེན་ནས་སྐྱེས་པའི་ཡིད་དཔྱོད་ཅིག་ལ་ཟེར། དེ་ལྟར་ཡང་མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་བློ་རིག་གི་རྣམ་གཞག་ལེགས་བཤད་ཀུན་འདུས་ལུང་རིགས་ཀྱི་བང་མཛོད་ལས། སྒྲ་མི་རྟག་པར་ཚད་མས་མ་ངེས་པའི་གང་ཟག་གི་རྒྱུད་ཀྱི་བྱས་པའི་རྟགས་ལས་སྒྲ་མི་རྟག་པར་འཛིན་པའི་བློ་དེ། རྒྱུ་མཚན་ཡོད་ཀྱང་གཏན་ལ་མ་ཕེབས་པའི་ཡིད་དཔྱོད་ཀྱི་མཚན་གཞི་ཡིན་ཏེ། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྒྱུ་མཚན་ཡང་དག་ཡིན་ཀྱང། དེ་འདྲའི་གང་ཟག་གི་སྒྲ་མི་རྟག་པའི་རྒྱུ་མཚན་ཡང་དག་གཏན་ལ་མ་ཕེབས་པའི་ཕྱིར་ཞེས་གསུངས་སོ། །
Domain ཚད་མ།