77478

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱུ་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་ (1)
Part of speech མིང་ཚིག
Definition མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གི་དབྱེ་བ་ཞིག རྟགས་དེའི་དགག་བྱའི་ཆོས་སུ་བཏགས་པའི་དོན་དེ་ཡོད་ན་ཡང་སྐབས་ཀྱི་ཕྱི་རྒོལ་དེས་སྣང་དུ་མི་རུང་ཞིང་དགག་ཆོས་ཀྱི་རྒྱུ་དཀག་པ་རྟགས་སུ་སྦྱར་བའི་གཏན་ཚིགས། པན་ཆེན་བསོད་ནམས་གྲགས་པ་མཆོག་གི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། ཤ་ཟ་ལ་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་ཚད་མས་མ་དམིགས་པ་ཆོས་ཅན། མདུན་གྱི་གཞི་འདིར་ཤ་ཟ་ལ་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གིས། ཤ་ཟ་ཡོད་ངེས་ཀྱི་བཅད་ཤེས་དོན་མཐུན་མི་འཇུག་པར་སྒྲུབ་པའི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་ཡིན་ཏེ། དེ་ལྟར་སྒྲུབ་པའི་མི་སྣང་བ་མ་དམིགས་པའི་ཚུལ་གསུམ་ཡིན་པའི་ཕྱིར།
Domain ཚད་མ།