77490

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱུ་འགལ་དམིགས་ཀྱི་རྟགས་ (1)
Part of speech མིང་ཚིག
Definition སྣང་རུང་གི་འགལ་ཟླ་དམིགས་པའི་རྟགས་ཀྱི་ནང་གསེས། རང་རྒྱུ་དང་འགལ་བའི་དངོས་པོ་རྟགས་སུ་བཀོད་ནས། དགག་ཆོས་རང་འབྲས་འབྱུང་བ་འགོག་པའམ་མེད་ངེས་སུ་སྒྲུབ་པ་སྟེ། དཔེར་ན་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་གཞིར་ཆོས་ཅན། གྲང་འབྲས་སྤུ་ལོང་བྱེད་རྒྱུན་ཆགས་སུ་གནས་པ་མེད་དེ། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་དངོས་པོ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་རྒྱུ་གྲང་རེག་དང་འགལ་བའི་དངོས་པོ་མེ་རྟགས་སུ་བཀོད་ནས། གྲང་འབྲས་བ་སྤུ་ལྡང་བ་འགོག་པའོ། །
Domain ཚད་མ།