77527

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱུ་རྒྱུད་ (1)
Part of speech མིང་ཚིག
Definition རྒྱལ་བ་བྱམས་པས། དེ་བཞིན་ཉིད་འདི་ཐམས་ཅད་ལ། །ཁྱད་པར་མེད་ཀྱང་དག་འགྱུར་པས། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་གསུངས་པའི་དོན་སེམས་ཀྱི་ཆོས་ཉིད་འདུས་མ་བྱས་པའི་དེ་བཞིན་ཉིད་ཡིན་པས་འདུས་བྱས་ཀྱི་སྤྲོས་པས་དབེན་པའི་ཕྱིར་རང་བཞིན་གྱི་འོད་གསལ་བ་དང། སེམས་ཀྱི་ཆོས་ཅན་རང་རིག་པའི་ངོ་བོ་འདོད་ཆགས་ལ་སོགས་པའི་སེམས་བྱུང་གློ་བུར་གྱི་དྲི་མས་རང་བཞིན་གྱིས་དབེན་པའི་ཕྱིར་སེམས་ཀྱི་རང་བཞིན་གྱི་འོད་གསལ་བ་ཡིན་ཏེ། བརྒྱད་སྟོང་པར། སེམས་ལ་སེམས་མ་མཆིས་ཏེ་སེེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་སོ། །དེ་གཉིས་ཟུང་དུ་འཇུག་པ་ནི་འདིར་རྒྱུ་རྒྱུད་ཡིན་ནོ། །ཡང། ཆོས་རྗེ་ཉིད་ཀྱིས། རྒྱུ་རྒྱུད་ནི་རང་བཞིན་དྲི་མེད་ཅེས་པ་སྟེ། རང་གི་སེེམས་ཀྱི་ཆོས་ཉིད་རང་བཞིན་གྱི་རྟོག་པའི་དྲི་མ་ཐམས་ཅད་དང་བྲལ་བ་ཡིན་ཏེ། ཞེས་གསུངས་པ་ཡིན་ནོ་ཞེས་སྤོས་ཁང་པའི་སྡོམ་གསུམ་རྣམ་བཤད་གཞུང་ལུགས་ལེགས་བཤད་ལས་སོ། ། སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེེས་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་རྒྱུན་མ་ཆད་ཅིང་བག་ཆགས་ཀྱི་དབང་གིས་ཡེ་ཤེས་དེ་ཉིད་འཁོར་བའི་སྣང་བ་སྣ་ཚོགས་སུ་ཤར་བ་དང་བཅས་པ་འདིའོ་ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས་སོ། ། རྟེན་གྱི་གང་ཟག་ནི་སེམས་ཅན་ཐམས་ཅད་ལ་ཡོད་ཅིང། མཚན་གཞི་སོ་སོ་སྐྱེ་བོའི་རྒྱུད་ཀྱི་སྣང་བ་ཐམས་ཅད་གསལ་སྟོང་ཟུང་འཇུག་གི་ངོ་བོར་སྡོམ་པའི་སྡོམ་པ་ལྟ་བུའོ་ཞེས་པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་སྤྱི་དོན་ཀུན་གསལ་ནོར་བུའི་ཕྲེང་བ་ལས་སོ། །
Domain ཆོས་ལུགས།