77628

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱུང་ནེ་རོག་ (1)
Part of speech མིང་ཚིག
Definition བོན། ཡུམ་སྲས་གཤེན་གསུམ་གྱི་སློབ་མ་ལྷ་ཀླུ་མིའི་གཤེན་གསུམ་གྲགས་པའི་ནང་ཚན་ཀླུ་ཡི་གཤེན་པོ་ཀླུ་སྒྲུབ་ཡེ་ཤེས་སྙིང་པོའི་ལྕམ་ཡིན་པར་བཤད་དོ། །དེ་ཡང་ཡུམ་སྲས་གཤེན་གསུམ་གྱི་ནང་ཚན་ཡུམ་བཟང་ཟ་རིང་བཙུན་གྱིས་སྤྱི་སྤུངས་ཞི་ཁྲོའི་བོན་སྐོར་རྒྱས་འབྲིང་བསྡུས་གསུམ་ཡོད་པ་ལས། ཉུང་ལ་འདུས་པ་མན་ངག་གསེར་ཞུན་ལྟ་བུའི་བོན་སྐོར་ཆུ་དར་སྔོན་པོ་ལ་གསེར་ཞུན་མས་བྲིས་ནས་ཀླུ་སྒྲུབ་ཡེ་ཤེས་སྙིང་པོ་ལ་གཏད་གཉེར་མཛད་རྗེས་སུ་ཀླུ་གྲུབ་ཡེ་ཤེས་སྙིང་པོ་ལ་བོན་སྐོར་དེ་ཉིད་སྒྲུབ་པའི་གྲོགས་ཀྱི་ཡུམ་དུ་མཛད་པར་བཤད་དོ། །འདི་ཡང་བཟང་ཟ་རིང་བཙུན་ཀྱི་སྤྲུལ་པ་ཡང་ཡིན་པར་གསུངས་སོ། །