77629

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱུངས་ (1)
Part of speech མིང་ཚིག
Definition མི་དང་ཕྱུགས་ཀྱི་སྒལ་ཚིགས་ཀྱི་སྦུ་གུ་ཧྲིལ་བོའི་ནང་ལ་ཆགས་ནས་ཡར་སྣེ་ཀླད་པ་དང་འབྲེལ་ཡོད་པའི་དངོས་པོ་དཀར་པོ། ཕལ་སྐད་དུ་སྒལ་རྣག་ཀྱང་ཟེར། དེ་ནི་ལུས་ཀྱི་རེག་ཚོར་ཀླད་པར་སྐྱེལ་ཞིང་། ཀླད་པའི་ངར་སྣང་ལུས་ཀྱི་ཆ་སོ་སོར་སྐྱེལ་བའི་ལམ་གལ་ཆེན་ཞིག་ཡིན།
རྒྱུངས་ (1)
Part of speech བྱ་ཚིག
Definition རྒྱུང་གི་སྐུལ་ཚིག
Transitive བྱ་བྱེད་ཐ་དད་པ།
Future [བརྒྱུང་།]
Present [རྒྱུང་།]
Past [བརྒྱུངས།]
Imperative [རྒྱུངས།]