77631

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱུད་ (1)
Part of speech བྱ་ཚིག
Definition སྔ་ཕྱི་རིམ་ཅན་དུ་སྟར་ལ་བསྒྲིགས་པའི་དོན་གྱི་ད་ལྟ་བ།
Keyword True
Transitive བྱ་བྱེད་ཐ་དད་པ།
Future [བརྒྱུ།, གཡུ་ཕྲེང་འཐོར་བ་དར་སྐུད་ལ་བརྒྱུ།]
Present [རྒྱུད།, ཕྲེང་བ་རྒྱུད་སྐབས་མིག་གིས་བལྟ་དགོས།]
Past [བརྒྱུས།, མུ་ཏིག་སྟར་ལ་བརྒྱུས་ཟིན།]
Imperative [རྒྱུས།, ཕྲེང་བ་རྒྱུས་ཤིག་ལྟ་བུ།]

{{#arraymap:རྒྱུད་

|; |@@@ | | }}

རྒྱུད་ (1)
Part of speech མིང་ཚིག
Definition སྐུད་པའི་དོན་ཏེ།
Example གཞུ་རྒྱུད་དང་། ཕྲེང་རྒྱུད་ལྟ་བུ།

{{#arraymap:རྒྱུད་

|; |@@@ | | }}

རྒྱུད་ (2)
Part of speech མིང་ཚིག
Definition མུ་འབྲེལ་དུ་ཡོད་པའི་དོན་ཏེ།
Example གངས་རིའི་རྒྱུད། རྨ་འབྲིའི་ཆུ་རྒྱུད་ལྟ་བུ།

{{#arraymap:རྒྱུད་

|; |@@@ | | }}

རྒྱུད་ (3)
Part of speech མིང་ཚིག
Definition རུས་རིགས་དང་ཆོས་ལུགས་སོགས་ཀྱི་རབས་སྔ་ཕྱི་དག་གི་དོན་ཏེ།
Example བཙན་པོའི་རྒྱུད་ཡར་དེད་ན་ལྷ་ལ་ཐུག ཁོང་གི་སློབ་རྒྱུད་དུ་མཁས་པ་མང་པོ་བྱུང་ལྟ་བུ།

{{#arraymap:རྒྱུད་

|; |@@@ | | }}

རྒྱུད་ (4)
Part of speech མིང་ཚིག
Definition སྤྱིར་རྒྱུད་ཅེས་པ་རྒྱུན་དང་། རྒྱུན་ཆགས་པ། འབྲེལ་བའམ་འབྲེལ་ཆགས་པ་བཅས་ལ་ཟེར། ལེགས་སྦྱར་གྱི་ཏནྟྲ་ཞེས་པ་ནི་ཐད་སྒྱུར་བྱས་ན་ཏན་ལུས་དང་ཏྲ་སྐྱོབ་པ་སྟེ་ལུས་སྐྱོབ་ཅེས་བྱ་སྟེ། བཻ་སྔོན་ལས། ཏན་ཞེས་བྱ་བ་ནི། ལུས་དང་ཏྲ་ཡ་སྐྱོབ་པ་ལ་འཇུག་པའི་དབང་གིས་ལུས་སྐྱོབ་པ་ཞེས་པ་སྟེ། དེ་འདྲ་བའི་དོན་ཟབ་མོ་གཞུང་འདི་ཉིད་ལས་རྒྱུན་མི་ཆད་པར་གནས་པའི་དོན་གྱིས་རྒྱུད་ཅེས་བྱེད་ལས་ཀྱི་སྒོ་ནས་བཏགས་པ་ཡིན་ནོ། །ཞེས་གསུངས་སོ། །ལེགས་སྦྱར་གྱི་ ཏནྟྲ་སྟེ་ལུས་སྐྱོབ་ཅེས་པའི་ཚིག་དང་བསྟུན་ན་གསོ་བ་རིག་པའི་རྒྱུད་བཞི་ལ་རྒྱུད་ཅེས་བཏགས་པ་འདི་ཤིན་ཏུ་ལེགས་ཏེ། སྨན་གཞུང་འདི་དག་གིས་ལུས་ནད་སོགས་ཀྱི་ཉེར་འཚེ་ལས་སྐྱོབ་པའི་ཐབས་སྟོན་པའི་ཕྱིར་རོ། །རྒྱ་གར་ཡུལ་སྐད་ལའང་ཏན་ཞེས་པ་ལུས་དང་། མན་ཞེས་པ་སེམས་ལ་ཟེར་བས་སོ། །
Domain གསོ་རིག

{{#arraymap:རྒྱུད་

|; |@@@ | | }}

རྒྱུད་ (5)
Part of speech མིང་ཚིག
Definition སངས་རྒྱས་ཀྱི་གསུངས་པའི་གསང་སྔགས་ཀྱི་གཞུང་རྣམས་ཀྱི་དོན་ཏེ། རྒྱུད་ཀྱི་དོན་རྒྱུན་ཆགས་ལ་གོ་བ་བཞིན་གསང་སྔགས་ཀྱི་བརྗོད་བྱ་གཙོ་བོ་བདེ་གཤེགས་སྙིང་པོ་སེམས་ཅན་རྣམས་ཀྱི་སེམས་ཀྱི་གཤིས་ལ་རྒྱུན་མ་ཆད་པར་གནས་པའི་ཕྱིར་ན་དེ་ལྟར་བརྗོད།
Domain ཆོས་ལུགས།

{{#arraymap:རྒྱུད་

|; |@@@ | | }}

རྒྱུད་ (6)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག དཀོན་ཅོག་འགྲེལ་ལས། དེ་ལ་རྒྱུད་ཅེས་བྱ་བའི་སྒྲ་བཤད་པ་ནི། ཏནྟྲ་པྲ་བན་ཏ་ཞེས་བྱ་སྟེ། སྔགས་ཀྱི་རྒྱུད་རྣམས་ཞི་བ་ལ་སོགས་པའི་ལས་ཕྲ་མོ་བསྒྲུབ་པའི་ཆོ་ག་དང་། མངོན་པར་ཤེས་པ་དང་རྫུ་འཕྲུལ་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་ཆེན་པོ་བསྒྲུབ་པའི་ཆོ་ག་དང་། ཐར་པ་མི་གནས་པའི་མྱ་ངན་ལས་འདས་པ་བསྒྲུབ་པའི་ཆོ་གའི་བྱེ་བྲག་ཏུ་གྱུར་པ་རྩ་བ་དང་སྙིང་པོ་ལ་སོགས་པའི་སྔགས་དང་། སྔགས་དེ་དག་གི་དཀྱིལ་འཁོར་དང་། ཕྱག་རྒྱ་དང་། མཆོད་པ་དང་། སྦྱིན་སྲེག་དང་། ལས་སྦྱོར་དང་། བརྟུལ་ཞུགས་ལ་སོགས་པ་ཆོ་ག་སྣ་ཚོགས་འབྲེལ་བར་བསྟན་པས་རྒྱུད་ཅེས་བྱའོ། །དེ་ནི་རྒྱུད་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་བསྟན་པའོ། །ཞེས་གསུངས་སོ། །

{{#arraymap:རྒྱུད་

|; |@@@ | | }}

རྒྱུད་ (2)
Part of speech མིང་ཚིག
Definition སྤྱིར་རྒྱུད་ཅེས་བྱ་བ་ནི་སེམས་གསལ་བ་ཙམ་འཁོར་འདས་ཀྱི་གནས་སྐབས་ཐམས་ཅད་དུ་རྒྱུན་མི་འཆད་པར་འབྱུང་བ་འདི་ཡིན་ལ། དེ་ལ་རྒྱུ་རྒྱུད། ཐབས་རྒྱུད། འབྲས་བུའི་རྒྱུད་གསུམ་ཡོད་དོ་ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས་སོ། །

{{#arraymap:རྒྱུད་

|; |@@@ | | }}

རྒྱུད་ (3)
Part of speech མིང་ཚིག
Definition ཡེ་གཤེན་རྒྱུད། མང་ཚང་འབྲེལ་དང་འཁྲུགས་པ་དེ་རྒྱུད་ཀྱི་ངོ་བོ། ངེས་ཚིག་ནི། ཞུ་ལེན་དང་འབྲེལ་ཞིང་ཁོག་འཁྲོལ་པས་རྒྱུད་ཅེས་སོ། །བྱེད་ལས་ནི། ཁོག་ཁྲོལ་ཅིང་བྱང་འདྲེན་པར་བྱེད་དེ། རྒྱུད་ཀྱིས་ལམ་དྲང་ཞེས་སོ། །དཔེ་ནི། བཞེན་འདེབས་ཀྱི་རྒྱལ་པོ་འདྲའོ། །ཞེས་གསུངས་སོ། །དབྱེ་ན། ཕྱི་གཏན་ཚིགས་མཚན་ཉིད་ཀྱི་རྒྱུད་དང་། ནང་ཨ་དཀར་བསྙེན་བསྒྲུབ་ཀྱི་རྒྱུད། གསང་བ་ཡང་རྩེ་དགོངས་པའི་རྒྱུད་དང་གསུམ་དུ་གསུངས་སོ། །དེ་དག་ལའང་། རྒྱུད་དང་ལུང་དང་མན་ངག་གསུམ། །རྗེ་དང་བློན་པོ་འབངས་ཀྱི་ཚུལ། །ངོ་བོ་རྣམ་དབྱེ་བྱེད་ལས་ཡོད། །ཅེས་སོ། །

{{#arraymap:རྒྱུད་

|; |@@@ | | }}

རྒྱུད་ (1)
Part of speech རྒྱན་ཚིག
Definition གཤིས་སམ་རང་བཞིན་གྱི་དོན་ཏེ།
Keyword True
Example ཁོང་ངང་རྒྱུད་རིང་བས་གྲོགས་པོ་དགའ་ལྟ་བུ།

{{#arraymap:རྒྱུད་

|; |@@@ | | }}