77633

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱུད་ཀྱི་ཆིངས་ལྔ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། རྒྱུད་ཀྱི་ཆིངས་ལྔ་ནི། བཀའ་བརྒྱད་བདེ་གཤེགས་འདུས་པའི་ཆོས་སྐོར་ལ་རྒྱུད་ལུང་མན་ངག་གསུམ་གྱི་ཆོས་སྡེ་བརྒྱ་དང་སུམ་ཅུར་གྲགས་པའི་ཡ་གྱལ། མན་ངག་གི་སྐོར་ལ། ཕྱི་བཤད་ཐབས་གསལ་བྱེད་ཀྱི་མན་ངག ནང་སྒྲུབ་ཐབས་གསལ་བྱེད་ཀྱི་མན་ངག གསང་བ་ཉམས་ལེན་གསལ་བྱེད་ཀྱི་མན་ངག་གསུམ་དུ་ཕྱེ་བའི་དང་པོ་ལའང་། ཕྱིའི་སྡོམ་ལྔ། རྒྱུད་ཀྱི་ཆིངས་ལྔ། ལུང་གི་སྡེབས་ལྔ། སྒྲུབ་ཐབས་ཀྱི་སྦྱོར་སོ་ལྔ་སྟེ། ཆོས་སྡེ་ཉི་ཤུ་ཡོད་པ་ལས། གཉིས་པ་རྒྱུད་ཀྱི་ཆིངས་ལྔ་ནི། བཀའ་བརྒྱད་རྣམ་བཤད་ལས། རྒྱུད་ཀྱི་ཆིངས་ལྔ་ནི། ཁོག་དབུབ་སྟོང་ཐུན་གྱི་ཆིངས། ས་གཅོད་ཚོམ་གྱི་ཆིངས། འགྲེལ་པ་འབྲུ་གནོན་གྱི་ཆིངས། ཊཱིཀཱ་བསྡུས་དོན་གྱི་ཆིངས། ལག་ལེན་མན་ངག་གི་ཆིངས་དང་ལྔའོ། །ཞེས་གསུངས།
Domain ཆོས་ལུགས།