77637
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། རྒྱུད་ཀྱི་དབྱེ་བ་བཞི་ནི། དཀོན་ཅོག་འགྲེལ་ལས། རྩ་བ་དང་ཡན་ལག་གི་སྒོ་ནས་དབྱེ་བ་ནི་རྣམ་པ་བཞི་སྟེ། འདི་ལྟར་རྩ་བའི་རྒྱུད་དང་། ཕྱི་མའི་རྒྱུད་དང་། བཤད་པའི་རྒྱུད་དང་། རྟོག་པའི་རྒྱུད་དོ། །ཞེས་དང་། དེ་ལ་དང་པོ་ཉིད་དུ་གཞན་ལ་མ་བརྟེན་པར་གཞུང་ཚུགས་པ་ནི་རྩ་བའི་རྒྱུད་ཅེས་བྱའོ། །དེའི་དཀའ་གཅོད་པ་དང་། མ་ཚང་བ་ཁ་བསྐང་བ་དང་། དོན་བསྡུས་པ་དང་། དེ་དག་གི་བྱེ་བྲག་མཆོག་བཤད་པ་ནི་ཕྱི་མའི་རྒྱུད་ཅེས་བྱ་སྟེ། འདི་ལྟར། ཨུདཏརཏནྟྲ་ཞེས་བྱ་བ་ནི་རྩེ་མོའི་དོན་དང་བླ་མར་གྱུར་པ་ལྟ་བུ་ལ་ཡང་སྙེག ཕྱིས་འབྱུང་བ་ལ་ཡང་བྱ་སྟེ། དོན་གྱི་གནས་སྐབས་ཀྱིས་རྒྱུད་ཕྱི་མ་ཞེས་པའམ། རྒྱུད་བླ་མ་ཞེས་སྦྱར་རོ། ། བཤད་པའི་རྒྱུད་ནི་རྒྱུད་གང་གིས་རྒྱུད་དག་བཤད་པ་གང་ཡིན་པའོ། །ཞེས་དང་། ཡང་རྩ་བ། བཤད་རྒྱུད། རྒྱུད་ཕྱི་མ་གསུམ་དུའང་བསྟན་ཏེ། དང་པོ་ནི་སྔར་བཞིན་ནོ། །གཉིས་པ་ནི་རྒྱུད་རང་གིས་རྒྱུད་གཞན་གྱི་དོན་འགྲེལ་པར་བྱེད་པ་བཤད་པ་དང་། རྟོག་པའི་རྒྱུད་ནི་(རྩ་རྒྱུད་ཕྱི་རྒྱུད་བཤད་རྒྱུད། )དེ་དག་ཏུ་མ་བསྟན་པའི་ལས་དང་དངོས་གྲུབ་ཀྱི་ཆོ་ག་ཞིབ་མོ་བཤད་པའོ། །ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |