7764

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནད་ཀྱི་སྒྲུབ་པའི་ཐབས་བརྒྱད་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། གནད་ཀྱི་སྒྲུབ་པའི་ཐབས་བརྒྱད་ནི། འཇིག་རྟེན་མཆོད་བསྟོད་ཀྱི་སྐབས་སུ་སྡེ་བརྒྱད་ཀྱི་སྒྲུབ་པ་ཐམས་ཅད་གནད་ཀྱི་སྒྲུབ་པ་བརྒྱད་དུ་བསྡུས་ནས་གསུངས་པ་སྟེ། གསང་སྔགས་བཀའི་ཐ་རམ་དུ། གནད་ཀྱི་སྒྲུབ་པའི་ཐབས་བརྒྱད་ནི༔ གིང་ལ་ཆིངས་ཀྱི་གནད་ཀྱིས་བསྒྲུབ་ན་འགྲུབ༔ བདུད་ལ་ཁུགས་ཀྱི་གནད་ཀྱིས་བསྒྲུབ་ན་འགྲུབ༔ བཙན་ལ་སེ་ལོང་གི་གནད་ཀྱིས་བསྒྲུབ་ན་འགྲུབ༔ གནོད་སྦྱིན་ཆུན་གྱི་གནད་ཀྱིས་བསྒྲུབ་ན་འགྲུབ༔ སྲིན་པོ་ཨར་ལ་གཏད་པའི་གནད་ཀྱིས་བསྒྲུབ་ན་འགྲུབ༔ གཟའ་རྒོད་ལྟོ་བ་དཀྲུག་པའི་གནད་ཀྱིས་བསྒྲུབ་ན་འགྲུབ༔ ཀླུ་ལ་ལོག་གནོན་གྱི་གནད་ཀྱིས་བསྒྲུབ་ན་འགྲུབ༔ མ་མོ་ལ་དབང་དུ་བསྡུ་བའི་གནད་ཀྱིས་བསྒྲུབ་ན་འགྲུབ་བོ༔ ཞེས་གསུངས།
Domain ཆོས་ལུགས།