From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྒྱུད་ཀྱི་འཆད་ཐབས་བཞི་ (1)
| Part of speech
|
མིང་ཚིག
|
| Definition
|
སྔགས། མ་ཧཱ་ཡོ་ག རྙིང་མ། དཔལ་གསང་བ་སྙིང་པོའི་རྒྱུད་ཀྱི་འཆད་ཐབས་བཞི་སྟེ། ཁོག་དབུབ་རིན་པོ་ཆེ་འབར་བའི་གུར་ལས། རྒྱུད་གཞུང་འདི་ཉིད་བཤད་ཐབས་ཀྱི་ཡན་ལག་དུ་ཞེ་ན། ཁོག་གཞུང་གསལ་བའི་སྒྲོན་མེ་ལས། ཕས་ཀྱི་ལན་གདབ་འབྲུ་སྣོན་ཚིག ། ཁོག་དབུབ་ས་བཅད་བཞི་རུ་གསུངས། །ཞེས་པས། ཁོག་དབུབ་པ་སྟོང་ཐུན་གྱི་དོན་དང་སྦྱར་ཏེ་བཤད་པ་དང་གཅིག ས་བཅད་པ་དཀྱུས་ཀྱི་དོན་དང་སྦྱར་ཏེ་བཤད་པ་དང་གཉིས། འབྲུ་སྣོན་པ་ཚིག་གི་དོན་དང་སྦྱར་ཏེ་བཤད་པ་དང་གསུམ། གནས་སྐབས་བརྒལ་ལན་གྱི་དོན་དང་སྦྱར་ཏེ་བཤད་པ་དང་བཞིས་སྟོན། ཞེས་གསུངས།
|
| Domain
|
ཆོས་ལུགས།
|
རྒྱུད་ཀྱི་འཆད་ཐབས་བཞི་ (2)
| Part of speech
|
མིང་ཚིག
|
| Definition
|
དོན་གྱི་ཁོག་ཁྱུང་གིས་ནམ་མཁའི་དབྱིངས་འཇལ་བ་ལྟར་ཕུབ། དཀྱུས་ཀྱི་ས་སྟག་མོ་ནགས་ལ་མཆོང་བ་ལྟར་བཅད། ཚིག་གི་དོན་རུས་སྦལ་དལ་གྱིས་འགྲོ་བ་ལྟར་བཤད། མན་ངག་གི་དོན་མུ་ཏིག་བསྟར་ལ་བརྒྱུས་པ་བཞིན་བསྡུ་བ་སྟེ་རྒྱུད་ཀྱི་འཆད་ཐབས་བཞིའོ། །
|