77659

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱུད་ཀྱི་རྒྱལ་པོ་རྙོག་པ་མེད་པ་ཞེས་བྱ་བ་ (1)
Part of speech མིང་ཚིག
Definition རྒྱ་གར་མཁན་པོ་པཎྜི་ཏ་ག་ཡ་དྷ་ར་དང་། བོད་ཀྱི་ལོཙྪ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར། སྡེ་དཀར་ཆག་ཏུ་“དེ་ལྟར་ར་ལི་སོ་གཉིས་ལ་བུ་སྟོན་ཞབས་ཀྱིས་རྒྱུད་སྡེ་སྤྱི་རྣམ་དུ། འདི་རྣམས་སྔར་རྩོད་པ་ཅན་དུ་གྲགས་ཤིང་། རྒྱུད་ཡང་དག་ཡིན་པར་ངེས་པའང་འགའ་ཞིག་སྣང་ལ། གཞན་རྣམས་ལའང་ཐེ་ཚོམ་གྱི་གཞི་ཤིན་ཏུ་ཆེ་བར་སྣང་བས་དཔྱད་པར་བྱའོ། །ཞེས་འཁོད་ཀྱང་། ཆོས་འབྱུང་དུ། འདི་དག་ག་ཡ་དྷ་རས་འབྲོག་མི་དང་གཉོས་ལོ་ཙཱ་གཉི་ག་ལ་བཤད་པའི་རྒྱ་དཔེ་ཅན་ཡིན་པས་བོད་ཀྱིས་བྱས་ཟེར་བ་མི་བདེན་ནོ། །ཞེས་ཐུགས་ཐག་བཅད་སྣང་ངོ་། །ཞེས་འཁོད། ཞོལ་དཀར་ཆག་ཏུ་“ར་ལི་སོགས་གཉིས་ལ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་བོད་སྔ་མའི་འདོད་པ་བཀོད་ནས། མང་དུ་མཁྱེན་ཅིང་བློ་གྲོས་ཆེ་ལ་ཞིབ་པ་རྣམས་ཀྱིས་ལེགས་པར་དཔྱད་པར་བྱའོ། །ཞེས་རྒྱུད་རྣམ་དག་ཡིན་མིན་གྱི་གསལ་ཁ་མ་གསུངས་ལ། བུ་སྟོན་རིན་པོ་ཆེའི་ཆོས་འབྱུང་དུ། འདི་དག་ག་ཡ་དྷ་རས་འབྲོག་མི་དང་གཉོས་ལོ་ཙཱ་གཉི་ག་ལ་བཤད་པའི་རྒྱ་དཔེ་ཅན་ཡིན་པས་བོད་ཀྱིས་བྱས་ཟེར་བ་མི་བདེན་ནོ། །ཞེས་རྣམ་དག་ཏུ་བཞེད་སྣང་ཞིང་། རྒྱལ་རྩེ་དང་། ཚལ་པ་བཅས་ཀྱི་དཀར་ཆག་ཏུའང་བཞུགས།”ཞེས་འཁོད་པ་དང་། སྣར་དཀར་ཆག་དུའང་གསལ་བཤད་འདི་ལས་རྒྱས་ཙམ་བཞུགས། བཀའ་འགྱུར་རྒྱུད་འབུམ་ག་པར་བཞུགས།