77664
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། དེ་ཡང་སྡེ་དྲུག་ནི། ལྟ་བ། སྒོམ་པ། སྤྱོད་པ། དམ་ཚིག འབྲས་བུ། ཕྲིན་ལས་རྒྱུད་དང་དྲུག་སྟེ། མདོ་དྲི་མེད་གཟི་བརྗིད་ལས། ཅི་བཞིན་ངང་ཉིད་དོན་ལ་མི་གཡོ་བའི། །ཀུན་འབྱུང་དབྱིངས་དག་བོན་ཉིད་ལྟ་བའི་རྒྱུད། །རང་བཞིན་སེམས་ཉིད་དྲི་མེད་འོད་གསལ་བའི། །སྙོམས་འཇུག་འགོག་པ་ཏིང་འཛིན་སྒོམ་པའི་རྒྱུད། །སྣ་ཚོགས་གང་ལ་ཉེས་པའི་སྐྱོན་སྤང་བའི། །རྣམ་དག་དྲི་མེད་དཀའ་ཐུབ་སྤྱོད་པའི་རྒྱུད། །ངན་སྤང་བཟང་བླང་དཀའ་བ་མཐར་ཕྱིན་པའི། །བསླབ་པ་གསུམ་ལྡན་དམ་ཚིག་སྡོམ་པའི་རྒྱུད། །རྟགས་ཀྱི་སྦྱང་ཐོབ་ཡོན་ཏན་གོང་འཕེལ་བའི། །ངོ་མཚར་དོན་མཆོག་ཡིད་བཞིན་འབྲས་བུའི་རྒྱུད། །སྒྲིབ་སྦྱང་ཚོགས་རྫོགས་བསོད་ནམས་ཚོགས་ལྡན་པའི། །གཡུང་དྲུང་སྤྱོད་འཇུག་ངོ་མཚར་ཕྲིན་ལས་རྒྱུད། །ཅེས་གསུངས་སོ། ། |
| Domain | ཆོས་ལུགས། |