77667
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ་རྒྱུད་པོ་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་དང་པོ་ལས་བྱུང་བ་སྟེ། ༡ དཀོན་མཆོག་གསུམ་ལ་དད་པ། ༢ སྔགས་ལ་དད་པ། ༣ ཐེག་ཆེན་ལ་མོས་པ། ༤ བླ་མ་དང་མཆེད་གྲོགས་ལ་གུས་པ། ༥ འདས་མ་འདས་ལྷ་གཞན་ལ་མི་སྡང་བ། ༦ རང་གི་ལྷ་དུས་ཚིགས་སུ་མཆོད་པ། ༧ གཞུང་གཞན་མི་མཆོད་པ། ༨ གློ་བུར་བའི་མགྲོན་མཆོད་པ། ༩ བྱམས་པ་མི་གཏོང་བ། ༡༠ སེམས་ཅན་གྱི་དོན་ལ་བརྩོན་པ་མི་འདོར་བ། ༡༡ བཟླས་བརྗོད་ལ་བརྩོན་པ། ༡༢ དམ་ཚིག་གཞན་ཡང་ཅི་ནུས་སུ་བསྲུང་བ། ༡༣ སྣོད་མིན་ལ་གསང་རྒྱ་མི་སྦྱིན་པ། ༡༤ རང་གི་སྔགས་རྒྱུད་བསྲུང་ཞིང་རྟོགས་པར་བྱ་བ་བཅས་སོ། ། |
| Domain | ཆོས་ལུགས། |