77668
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རིགས་ལྡན་རྒྱལ་དཀའི་ལོ་ཐོག་མ་ཤར་ཁའི་ལོ་སྔ་མའི་རྒྱུན་གྱི་རྩིས་འཕྲོ་བྱུང་བའི་ལོ་སྟེ། དེ་ཡང་བྱེད་གྲུབ་གང་ཡིན་ཡང་རབ་བྱུང་དང་པོ་འཆར་ཁ་མ་ནས་ཡར་ཉིས་བརྒྱ་ཉེར་གཅིག་སོང་བའི་ལོ་སྔ་མའི་རྩིས་རྒྱུན་བྱུང་དུས་ཀྱི་ལོ་དེ་ཉིད་ཡིན་པར་འདོད་དེ། ཉིན་བྱེད་སྣང་བ་ལས། དཔལ་ལྡན་རྒྱུད་ལས་གསུངས་པ་ཡི། །རྩིས་འཕྲོ་གནས་པའི་ལོ་དེ་ནི། །རྩིས་ལོ་ཉིས་བརྒྱ་ཉེར་གཅིག་གི ། ཐོག་མའི་མེ་ཁྱི་དེའི་སྔུན་མ། །ས་སྐྱོང་ཤིང་མོ་བྱ་དེ་ཡིན། །ཤིང་བྱ་དེ་ཡི་དབོ་ཟླའི་མཐར། །སྐྱོན་བྲལ་གྲུབ་མཐའི་རྩིས་འཕྲོ་རྣམས། །ཅིག་ཅར་ཤར་བ་འདི་ཡིན་ཏེ། །ཞེས་དང་། དེའི་རྣམ་འགྲེལ་གསེར་ཤིང་ལས། དཔལ་ལྡན་རྒྱུད་ལས་གསུངས་པའི་རྩིས་འཕྲོ་རྣམས་གནས་པའི་ལོ་དེ་གང་ཞེ་ན། དེ་ནི་རྒྱུད་ལས། རབ་བྱུང་ལ་སོགས་འདས་པ་རྣམས་བསྲེས། ཞེས་རྩིས་ལོ་ཉིས་བརྒྱ་ཉེར་གཅིག་ལ་བསྲེ་རྒྱུའི་ལོའི་ཐོག་མ་དེ་རབ་བྱུང་མེ་ཡོས་ཡིན་པར་གསུངས་པས་ཉིས་བརྒྱ་ཉེར་གཅིག་གི་ལོ་མཐའ་དེ་ཟད་པ་མེ་སྟག་ཡིན་པར་གྲུབ། དེས་ན་ཉིས་བརྒྱ་ཉེར་གཅིག་ལ་དྲུག་ཅུས་བགོས་པས་ལྷག་ཞེ་གཅིག་འབྱུང་བའི་ཕྱིར། མེ་སྟག་དེ་ནས་ཡར་གྱེན་དུ་བགྲངས་པའི་ཞེ་གཅིག་པ་དེ་མེ་ཁྱི་ཡིན་པས་ན་རྩིས་ལོ་ཉིས་བརྒྱ་ཉེར་གཅིག་གི་ཐོག་མའི་ལོ་དེ་མི་ཟད་པ་མེ་ཁྱི་ཡིན་པར་ཡང་གྲུབ་ལ། དེ་གྲུབ་པ་ཉིད་ཀྱིས་ན་མེ་ཁྱི་དེའི་ནག་དྷྲུ་གང་ཡིན་པ་དེ་རྒྱུད་ཀྱི་རྩིས་འཕྲོར་ངེས་ལ། དེ་ཉིད་མེ་ཁྱི་དེའི་སྔོན་མ་ས་སྐྱོང་ཤིང་མོ་བྱའི་ལོའི་དབོ་ཟླའི་མཐའ་དེར་གནས་པའི་རྩིས་འཕྲོ་ཡིན་པའང་གྲུབ་བོ། །ཞེས་བྱུང་། དེས་ན་མེ་མཁའ་རྒྱ་མཚོའི་ནང་ནས་འདས་ལོ་བརྒྱ་དང་གྱ་གཅིག་སོང་བའི་ཤིང་མོ་བྱ་ཡི་ལོའམ་ཕྱི་ལོ་༨༠༦པའི་ལོ་དེ་ཡིན་ནོ། ། |
| Domain | རྩིས་རིག |