77673
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མཚོན་ཚུལ་ལྔའི་ཡ་གྱལ་ཞིག་སྟེ། དཀའ་འགྲེལ་རྡོ་རྗེ་ཐ་རམ་འབྱེད་པའི་ལྡེའུ་མིག་ལས། རྒྱུད་གནས་ལུགས་ཀྱི་བྱུང་ཚུལ་ནི། དཀྱུས་ཇི་བཞིན་ཏེ། དཔེ་དང་སྦྱར་ན། རྨོངས་པ་གདུང་བ་སེལ་བའི་བྱུང་ཚུལ་མ་རིག་མུན་སེལ་གྱི་ལྟ་བ་མ་དང་བུ་འཕྲད་པ་ལྟ་བུའོ། །སྒྲོན་མ་བཀོད་པའི་བྱུང་ཚུལ་ཡེ་ཤེས་རང་གསལ་གྱི་ལྟ་བ་ཉི་མའི་སྙིང་པོ་ལྟ་བུའོ། །གང་གི་ངེས་པ་རྙེད་པའི་བྱུང་ཚུལ་མ་ནོར་དོན་རྙེད་ཀྱི་ལྟ་བ་དབུལ་མོས་གཏེར་རྙེད་པ་ལྟ་བུའོ། །སྙིང་པོ་བྱང་ཆུབ་ཏུ་ངེས་པའི་བྱུང་ཚུལ་དེ་ཁོ་ན་ཉིད་ཀྱི་ལྟ་བ་ནམ་མཁའ་ལྟ་བུའོ། །དགོངས་པ་ངེས་པར་འགྲེལ་པའི་བྱུང་ཚུལ་མ་འདྲེས་ཡོངས་རྫོགས་ཀྱི་ལྟ་བ་རྒྱ་མཚོའི་གཟུགས་བརྙན་ལྟ་བུའོ། །གདུལ་བྱ་སྐབས་ལ་བབས་པའི་བྱུང་ཚུལ་མཚན་མ་རང་བཞིའི་ལྟ་བ་དཔའ་བོས་དགྲ་ཐུལ་བ་ལྟ་བུའོ། །བྱིན་གྱིས་རླབས་ཀྱི་སྣང་བའི་བྱུང་ཚུལ་བྱིན་རླབས་འབྱུང་བའི་ལྟ་བ་ནམ་མཁའི་ངང་ལ་ཆོ་འཕྲུལ་འབྱུང་བ་ལྟ་བུའོ། །བརྒྱུད་པ་ཐབས་ཀྱི་གྲགས་པའི་བྱུང་ཚུལ་མི་མཐུན་སྐྱོན་སེལ་གྱི་ལྟ་བ་སྟག་ཚང་སྐྱོན་སེལ་བ་ལྟ་བུའམ་ལྡུམ་རའི་དུག་སེལ་བ་ལྟ་བུའོ། །གང་གི་ཆེད་དུ་མཛད་པའི་བྱུང་ཚུལ་གྲོལ་བ་དོན་མཐུན་གྱི་ལྟ་བ་སྨན་པ་མཁས་པས་ནད་གསོ་བ་ལྟ་བུའོ། །ལུང་ཆེན་ངེས་པར་བསྟན་པའི་བྱུང་ཚུལ་ངེས་པ་ཕྱིས་འབྱུང་གི་ལྟ་བ་བློན་པོ་རིག་པ་ཅན་གྱི་ཁ་ཆེམས་ལྟ་བུའོ། །ལས་རྒྱུད་ཡོངས་སུ་གཅོད་པའི་བྱུང་ཚུལ་བག་ཆགས་རང་དག་གི་ལྟ་བ་ཁྲུས་མཁན་པས་ཁྲུས་བྱས་པ་ལྟ་བུའོ། །དགོངས་པ་རྣམ་པར་བགྲོ་བའི་བྱུང་ཚུལ་དོན་གཏན་ལ་ཕེབས་པའི་ལྟ་བ་བླ་བློན་འཚོགས་ནས་རྒྱལ་པོའི་ཆབ་སྲིད་འཛིན་པ་ལྟ་བུའོ། །ཞེས་གསུངས་སོ། ། |
| Domain | [ཆོས་ལུགས།, ལྟ་གྲུབ།] |