77682

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱུད་གསུམ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ་མདོའི་རྒྱ་ཆེར་འགྲེལ་པ་ལས་བྱུང་བ་སྟེ། དཀོན་མཆོག་གསུམ་བསྟོད་པའི་རྒྱུད། མདོ་འདོན་པའི་རྒྱུད། བསྔོ་བའི་རྒྱུད་དོ། །
Domain ཆོས་ལུགས།
རྒྱུད་གསུམ་ (2)
Part of speech མིང་ཚིག
Definition སྔགས། རྩ་བའི་རྒྱུད། ཕྱི་མའི་རྒྱུད། ཕྱི་མའི་ཕྱི་མའི་རྒྱུད།
རྒྱུད་གསུམ་ (3)
Part of speech མིང་ཚིག
Definition རྩ་རྒྱུད། བཤད་རྒྱུད། རྒྱུད་ཕྱི་མ་དང་གསུམ་མོ། །
རྒྱུད་གསུམ་ (4)
Part of speech མིང་ཚིག
Definition རང་བཞིན་གྱི་རྒྱུད། ལམ་གྱི་རྒྱུད། འབྲས་བུའི་རྒྱུད་དམ། ཡང་ན་གཞི་ལམ་འབྲས་བུའི་རྒྱུད།
རྒྱུད་གསུམ་ (5)
Part of speech མིང་ཚིག
Definition གཡུང་དྲུང་གནས་བཞིའི་བསྟོད་པའི་མཆན་འགྲེལ་ལས་བྱུང་བ་སྟེ། སྤང་ལམ་ཕྱི་ཡི་རྒྱུད། བསྒྱུར་ལམ་ནང་རྒྱུད། གྲོལ་ལམ་གསང་རྒྱུད་དོ། །
རྒྱུད་གསུམ་ (6)
Part of speech མིང་ཚིག
Definition གཡུང་དྲུང་གནས་བཞིའི་བསྟོད་པའི་མཆན་འགྲེལ་ལས་བྱུང་བ་སྟེ། ཕྱི་གཏན་ཚིགས་མཚན་ཉིད་ཀྱི་རྒྱུད། ནང་ཨ་དཀར་བསྙེན་སྒྲུབ་ཀྱི་རྒྱུད། གསང་བ་ཡང་རྩེ་དགོངས་པའི་རྒྱུད་དོ། །
རྒྱུད་གསུམ་ (7)
Part of speech མིང་ཚིག
Definition གཡུང་དྲུང་གནས་བཞིའི་བསྟོད་པའི་མཆན་འགྲེལ་ལས་བྱུང་བ་སྟེ། དབང་གི་རྒྱུད། ལུང་གི་རྒྱུད། མན་ངག་གི་རྒྱུད་དོ། །