77689

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱུད་ཆུང་ངུ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། རྒྱུད་ཆུང་ངུ་ནི། རྩ་བའི་རྒྱུད་གཞན་ལས་འཕྲོས་ཤིང་། གཞན་ལ་ལྟོས་པའི་ཡན་ལག་གི་རྒྱུད་དང་། བཀོལ་བ་དུམ་བུའི་རྒྱུད་དག་ལ་གསུངས་ཏེ། ཡིད་ཀྱི་མུན་སེལ་ལས། གཞན་ལས་འཕྲོས་ཤིང་གཞན་དུ་ལྟོས་ན་ཡན་ལག་གི་རྒྱུད་དམ། བཀོལ་བ་དུམ་བུའི་རྒྱུད་ཅེས་བྱ་སྟེ། རྒྱུད་ཆུང་ངུའོ། །དཔེར་ན་རྩེ་མོ་རིགས་བསྡུས་བཞིན་ནོ། །ཞེས་གསུངས་སོ། །
Domain ཆོས་ལུགས།