77727

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱུད་བཞི་ (1)
Part of speech མིང་ཚིག
Definition བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཐམས་ཅད་ཀྱི་རྨང་གཞི་སྟེ། རྩ་རྒྱུད། བཤད་རྒྱུད། མན་ངག་རྒྱུད། ཕྱི་མ་རྒྱུད་བཅས་སོ། །
Domain གསོ་རིག
རྒྱུད་བཞི་ (2)
Part of speech མིང་ཚིག
Definition སྔགས། རྩ། རླུང། ཐིག་ལེ། བྱང་སེམས།
Domain ཆོས་ལུགས།
རྒྱུད་བཞི་ (3)
Part of speech མིང་ཚིག
Definition རྒྱུད་ལ་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལང་ཡང་བཞིར་འདུ་སྟེ། རྣལ་འབྱོར་གྱི་རྒྱུད་དང་། རྣལ་འབྱོར་མའི་རྒྱུད་དང་། བླ་ན་མེད་པའི་རྒྱུད་དང་། སྙིང་པོ་གོང་ན་མེད་པའི་དོན་གྱི་རྒྱུད་དོ། །
རྒྱུད་བཞི་ (4)
Part of speech མིང་ཚིག
Definition བྱ་བའི་རྒྱུད་ཀྲི་ཡ། སྤྱོད་པའི་རྒྱུད་ཨུ་པ་ཡ། རྣལ་འབྱོར་གྱི་རྒྱུད་ཡོ་གའོ། །
རྒྱུད་བཞི་ (5)
Part of speech མིང་ཚིག
Definition ཞེ་སྡང་ལམ་དུ་ཁྱེར་བ་ཕའི་རྒྱུད། འདོད་ཆགས་ལམ་དུ་ཁྱེར་བ་མའི་རྒྱུད། གཏི་མུག་ལམ་དུ་ཁྱེར་བ་སྙིང་པོ་གོང་ན་མེད་པ་དགུ་རྩེ་སྤྱི་ཏིའི་རྒྱུད་རྣམས་སོ། །
རྒྱུད་བཞི་ (6)
Part of speech མིང་ཚིག
Definition གསང་བ་སྒྱུ་འཕྲུལ་ཐབས་ཤེས་རབ་གཉིས་སུ་མེད་པའི་རྒྱུད། ཨ་ནུ་ཡོག་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་རྒྱུད། རྫོགས་པ་ཆེན་པོ་མ་སྤངས་རང་གྲོལ་ཡེ་སངས་རྒྱས་པའི་རྒྱུད་དང་། ཐེག་པ་དགུའི་རྩེ་ཆོས་ལ་བཟླས་པའི་རྒྱུད་དོ། །
རྒྱུད་བཞི་ (7)
Part of speech མིང་ཚིག
Definition གསལ་བ་ཉི་ཟླའི་རྒྱུད། ཡངས་པ་ནམ་མཁའི་རྒྱུད། ཟབ་པ་རྒྱ་མཚོའི་རྒྱུད། དགོས་འདོད་འབྱུང་བ་ནོར་བུ་རིན་པོ་ཆེའི་རྒྱུད་དོ། །