77796
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ༡ ཁྲུས་དང་གཙང་སྦྲ་ལ་སོགས་ཕྱིའི་བྱ་བ་མང་པོ་ལ་མོས་པའི་གདུལ་བྱར་བྱ་བའི་རྒྱུད་བསྟན་པ། ༢ དེ་ཁོ་ན་ཉིད་ལ་མོས་ཤིང་ཕྱིའི་བྱ་བ་མང་པོ་མ་ཡིན་པ་ལ་དགའ་བའི་གདུལ་བྱར་སྤྱོད་རྒྱུད་བསྟན་པ། ༣ ཕྱིའི་བྱ་བ་མང་པོ་གཡེང་བར་ཤེས་ནས་དེ་ཁོ་ན་ཉིད་སྒོམ་པ་ལ་གཅིག་ཏུ་མོས་པའི་གདུལ་བྱར་རྣལ་འབྱོར་རྒྱུད་བསྟན་པ། ༤ ཐབས་ཤེས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངང་ནས་ཐམས་ཅད་ལ་ལོངས་སྤྱོད་པར་མོས་པའི་གདུལ་བྱར་རྣལ་འབྱོར་བླ་ན་མེད་པའི་རྒྱུད་བསྟན་པའོ། །གཞུག་བྱ་ལོག་པའི་གང་ཟག་བཞི་སོ་སོའི་སྤྱོད་ཚུལ་དང་སྒོ་བསྟུན་པའི་ཆོས་བསྟན་པས་རྗེས་སུ་བཟུང་ནས་ཡང་དག་པའི་ལམ་ལ་གཞུག་ཕྱིར་རྒྱུད་སྡེ་བཞི་གསུངས་ཏེ། འདོད་ཆགས་ཅན་དབང་ཕྱུག་གི་རྗེས་སུ་འབྲང་བ་རྣམས་གཞུག་ཕྱིར་རྣལ་འབྱོར་བླ་ན་མེད་པའི་རྒྱུད། ཞེ་སྡང་ཅན་ཁྱབ་འཇུག་གི་རྗེས་སུ་འབྲང་བ་རྣམས་གཞུག་ཕྱིར་སྤྱོད་རྒྱུད། གཏི་མུག་ཅན་ཚངས་པའི་རྗེས་སུ་འབྲང་བ་རྣམས་གཞུག་ཕྱིར་བྱ་རྒྱུད། མ་ངེས་པ་དེ་གསུམ་གང་རུང་དང་ཕྲད་ན་དེ་དག་གི་གྲུབ་མཐའ་འཛིན་པ་རྣམས་གཞུག་ཕྱིར་རྣལ་འབྱོར་རྒྱུད་གསུངས་པ་ནི། དེ་ཉིད་འདུས་པའི་དགོངས་པ་སློབ་དཔོན་ཀླུ་སྒྲུབ་དང་རབ་འབྱོར་བསྐྱངས་སོགས་བཞེད་པར་གྲགས་སོ། ། |
Domain | ཆོས་ལུགས། |
{{#arraymap:རྒྱུད་སྡེ་བཞིར་དབྱེ་བའི་ཚུལ་བཞི་
|; |@@@ | | }}