77817
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། ལྟ་སྒོམ་གྱི་དོན་ཇི་བཞིན་པར་ཉམས་ལེན་རྒྱུན་ཆག་མེད་པར་སྐྱོང་བ་ལ་བྱ་སྟེ། འགུ་ཡ་ལས། དེ་ཡི་དོན་ཉིད་ཇི་ལྟ་བར། །བློ་ལ་ཤིན་ཏུ་འདྲིས་པ་ཡིས། །སྤྱོད་ལམ་ཅི་བྱེད་ཀུན་ཏུ་ཡང་། །དེ་ཉིད་རབ་ཏུ་མ་ཉམས་པར། །ཏིང་ངེ་འཛིན་ལ་གནས་པ་ནི། །དེ་ཉིད་རྒྱུན་གྱི་དམ་ཚིག་ཡིན། །ཞེས་པས། དེ་ཡང་ལྟ་བའི་དོན་ཇི་བཞིན་པར་བློ་ལ་ངེས་ཤིང་ཤིན་ཏུ་གོམས་འདྲིས་ཀྱི་བརྟན་པ་ཐོབ་པས། ལུས་ངག་སོགས་ཀྱིས་སྤྱོད་ལམ་གང་སྤྱད་ཀྱང་ལྟ་སྒོམ་དེ་ཉིད་ལ་སྐྱོན་གྱིས་ཉམས་པ་མེད་པར་ཏིང་ངེ་འཛིན་ལ་གནས་ཤིང་སྐྱོང་བ་དེ་ལ་བྱའོ། ། |
| Domain | ཆོས་ལུགས། |