77819

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱུན་གྱི་ཚེ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། དེ་མ་ཐག་རྐྱེན་དང་བཅས་པའི་ཡིད་སེམས་བཅུ་གཉིས་པོ་དེ་དག་གི་དེ་མ་ཐག་ཏུ་གང་འབྱུང་མིན་ཚེའམ་སྐབས་དྲུག་ཏུ་རྣམ་པར་དབྱེ་ཡོད་པ་ལས་དང་པོ་སྟེ། རྒྱུན་གྱི་ཚེ་ཞེས་བྱ་བ་ནི་རེས་འདྲ་བ་རྒྱུན་ཆགས་སུ་འབྱུང་བའི་དུས་ཏེ། དེ་ནི་དགེ་བ་ལས་དགེ་བ་དང་མི་དགེ་བ་ལས་མི་དགེ་བ་ལ་སོགས་པ་རིས་འདྲ་བ་འབྱུང་བ་ཡིན་ནོ། །ཞེས་མཆིམས་འཇམ་པའི་དབྱངས་ཀྱིས་གསུངས།
Domain ཆོས་ལུགས།