77825
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གསོ་སྦྱོང་གི་སྦྱོར་ཆོག་ཅིག་དང་པོར་གཙུག་ལག་ཁང་གི་བདག་པོ་དང་ལྷ་རྣམས་ཀྱི་དོན་དུ་མདོ་བསྐུལ་ནས་མདོ་འདོན་པ་དང༌། གཞི་བདག་སོགས་ལ་གཏོར་མ་བྱིན་ནས་དཀོན་མཆོག་ལ་ཕྱག་བྱས་ཏེ་རྒྱུན་བཤགས་བྱེད། དེ་ནས་ལྷ་མི་ལ་སོགས་པའི་སྐྱེ་བོ་མང་པོ་ཆོས་ཉན་པ་ལ་བསྐུལ་བའི་དོན་དུ་ཆོས་བསྒྲགས་ཀྱི་མདོ་ཚིགས་སུ་བཅད་པ་བཞི་བསྟན་ནས་ཕྱག་འཚལ་བའི་རྒྱུད། མདོ་འདོན་པའི་རྒྱུད། བསྔོ་བའི་རྒྱུད་དེ་རྒྱུད་གསུམ་དང་ལྡན་པའི་སྒོ་ནས་ཚུལ་ཁྲིམས་རྣམ་དག་གི་མདོ་ལ་སོགས་པའི་ཆོས་བཤད་ཅིང་ཉན་པར་བྱེད་པའོ། ། |
| Domain | ཆོས་ལུགས། |