77829

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱུན་དུ་དགོས་པའི་རྫས་སུ་བསྙེན་པ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། རྨ་ཡི་གཏེར་ལུགས་ལྟར་ཁྲོ་བོ་དབང་ཆེན་གྱི་ལས་རིམ་ལ་བསྙེན་བསྒྲུབ་ཡན་ལག་སོ་དྲུག་གི་ཡ་གྱལ། བསྙེན་པའི་གཞི་མ་སྒོ་དགུའི་ནང་ཚན་ཡོ་བྱད་རྫས་ལ་བསྙེན་པ་ཞེས་བྱ་སྟེ། དེ་ཡང་གསང་སྔགས་བསྙེན་བསྒྲུབ་ཀྱི་ལས་རིམ་ལ་འཇུག་སྐབས་ལྷ་སྲུང་དམ་ཅན་རྣམས་ལ་ཐུགས་དམ་བསྐང་བར་མཁོ་དགོས་ཡོ་བྱད་ཀྱི་རྫས་རྣམས་མ་ཚང་མེད་པར་བསགས་ཤིང་རྒྱུན་དུ་མཆོད་འབུལ་བགྱིད་པའི་དོན་ཏེ། དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་ལས། ཇ་ཆང་ཡུ་ཏི་རག་ཏ་དམར། རྒྱུན་དུ་དགོས་པའི་རྫས་སུ་བསྙེན། ཞེས་པས། མཁོ་དགོས་ཀྱི་རྫས་དེ་ལ་ཡང་ཇ་དང་ཡུ་ཏིའི་ཆང་རག་ཏ་གཏོར་མ་ཤ་ཁྲག་སོགས་ཕུད་མ་ཉམས་པར་གཙང་ཞིང་དག་པར་རྒྱ་ཆེ་ལ་གྲངས་མང་བར་བཤམས་ཏེ་འབུལ་བར་བྱའོ། །དེ་ལ་ཡང་གསང་བའི་རྫས་སུ་བསྙེན་པ་ཞེས་བྱ་བ་ནི། ལོག་ལྟ་ཅན་དང་གསང་སྔགས་ཀྱི་བོན་སྡེ་འདིའི་དབང་ལུང་མེད་པའི་སྐྱེ་བོ་རྣམས་ལ་མི་སྨྲ་མི་སྟོན་པར་གསང་ནས་སྤྱད་དགོས་པའི་དོན་ཡིན་ནོ། །
Domain ཆོས་ལུགས།