77836
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། གསུང་ལྔའི་ཡ་གྱལ་ཞིག་སྟེ། འདིའི་དོན་གཟི་ལྡན་འཆར་ཁའི་འོད་སྣང་ལས། རྒྱུན་དུ་འབྱུང་བ་སྤྲུལ་པའི་གསུང་ནི། ཚིག་ཇི་སྙེད་དུ་དངོས་སུ་བཀའ་སྩལ་པའི་གསུང་ཚངས་དབྱངས་ལྟ་བུ་གཅིག་ལའང་ཡན་ལག་བསམ་གྱིས་མི་ཁྱབ་པ་སུམ་བརྒྱ་དང་དྲུག་ཅུ་ལ་སོགས་པར་འབྱུང་བའི་ཕྱིར་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། །ཞེས་དང་། གང་སྤྲུལ་པའི་གསུང་བསམ་གྱིས་མི་ཁྱབ་པ་དེ་དག་ཀྱང་དོན་བསྡུ་ན་གསུང་གི་རྣམ་པ་བཞིར་འབྱུང་ཞིང་གདུལ་བྱ་ལའང་བཞིར་སྣང་བ་ཡི་རྩ་བ་བཞི་ལས་སྒྲ་དབྱངས་སྣ་ཚོགས་སུ་སྤྲོས་པའི་ཡན་ལག་རྒྱས་པར་དབྱེ་སྟེ་ཤེས་པར་བྱའོ། །བཞི་གང་ཞེ་ན། འདི་ལྟ༷་སྟེ། གསུང་གི་རང་བཞིན་བཅུ་དང༌། རྣམ་གྲངས་དྲུག་དང༌། ཡན་ལག་བཅུ་དང༌། གཟུགས་བརྙན་ཡི་གེ་རྣམས་སུ་ཤེས་པར་བྱའོ། །ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |